ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱ་ཚ་རྫོང་དུ་དྲ་ཐོག་ཚོང་དོན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ།

2021-01-13 14:08:00     责编:卓玛才让

2020ལོ་ནས་བཟུང་། རྒྱ་ཚ་རྫོང་གི་དྲ་ཐོག་ཚོང་དོན་བསྡོམས་འབོར་སྒོར་ཁྲི་2669.88ཟིན་པ་དང་ཞིང་ཞོར་ཐོན་རྫས་སིལ་ཚོང་བསྡོམས་འབོར་སྒོར་ཁྲི་881.23ཟིན་ནས་དུས་མཚུངས་ལས་72.68%འཕར་ཡོད། དྲ་ཐོག་ཡུལ་སྐོར་དྲ་བའི་སིལ་ཚོང་བསྡོམས་འབོར་སྒོར་ཁྲི་162.66ཟིན་ནས་དྲ་ཐོག་ཚོང་དོན་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་མ་ཟད། དྲ་ཐོག་ཚོང་དོན་དང་ཟོག་འགྲེམས་གཉེར་སྐྱོང་མ་ལག་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དྲ་ཐོག་ཚོང་དོན་ལྟེ་གནས་ཀྱིས་དུས་ཡུན་ཟླ་དགུ་ནང་ལོ་ཧྲིལ་པོའི་ལས་དོན་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱས་པ་དང་ཚོགས་པའི་སྣེ་ཁྲིད་དེ་ལྷ་སའི་དྲ་ཐོག་ཚོང་དོན་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོ་སྐབས་དང་པོའི་ནང་ཨང་གཉིས་པ་ཐོབ་ཡོད།

གཞན་ཡང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་གཞོགས་འདེགས་བྱ་ཆེད། དྲ་ཐོག་ཚོང་ཁང་ལྟེ་གནས་ཀྱི་ལས་དོན་མི་སྣས་ཁྱིམ་ཚང་རེ་རེ་བཞིན་དུ་བསྐྱོད་དེ་དྲ་ཐོག་ཚོང་དོན་གྱི་དགོས་མཁོ་ཤེས་རྟོགས་བྱས་ནས། དུད་ཚང་དབུལ་པོའི་ཁྱིམ་ཚང་གི་ཞིང་ཞོར་ཐོན་ཟོག“དུད་ཚང་གཅིག་དང་ཨང་རྟགས་གཅིག”གི་ཐོག་ནས་བྲིན་ཚོང་བྱས་ཏེ་དུད་ཚང་དབུལ་པོ་210ལ་དྲ་ཐོག་ཚོང་ཁང་གི་དབུལ་སྐྱོར་ཡིག་ཚགས་ཡོད་པ་བྱས་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

中央广播电视总台 央广网 版权所有