ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གོའི་ཁོ་ཤིང་ཀུང་སིས་མ་ལེ་ཞི་ཡར་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་གྱི་ཕྱེད་བཟོས་ཐོན་རྫས་བྱེ་བ་གཅིག་དང་ས་ཡ་བཞི་མཁོ་འདོན་བྱ་རྒྱུ་ཡིན་པ།

2021-01-13 09:58:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མ་ལེ་ཞི་ཡའི་གཞུང་ཁོངས་སྨན་བཟོ་ཁེ་ལས་ཆེ་གྲས་ཧྥ་མ་ཀུང་སིས་སྤྱི་ཚེས་12ཉིན་ཀྲུང་གོའི་ཁོ་ཤིང་ཀུང་སི་དང་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་གྱི་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད་པ་རེད། གྲོས་ཆོད་ལ་གཞིགས་ན། ཁོ་ཤིང་ཀུང་སིས་རིམ་བཞིན་མ་ལེ་ཞི་ཡར་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་གྱི་ཕྱེད་བཟོས་ཐོན་རྫས་བྱེ་བ་གཅིག་དང་ས་ཡ་བཞི་མཁོ་འདོན་བྱ་རྒྱུ་ཡིན་པ་དང་། ཧྥ་མ་ཀུང་སི་དང་མཉམ་ལས་བྱས་ནས་མ་ལེ་ཞི་ཡར་རིམས་འགོག་སྨན་མཐའ་མཇུག་ཐོན་སྐྱེད་ཐུབ་པ་བྱ་རྒྱུ་ཡིན་པ་རེད། མ་ལེ་ཞི་ཡའི་ཚན་རིག་དང་། བཟོ་རྩལ་དང་གསར་གཏོད་པུའུ་ཀྲང་ཧ་དབྱི་ལིས་གན་འཇོག་མཛད་སྒོ་སྤེལ་རྗེས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག མ་ལེ་ཞི་ཡའི་སྲིད་གཞུང་གིས་ཁོ་ཤིང་རིམས་འགོག་སྨན་གྱི་ནད་ཐོག་ཚོད་ལྟའི་གྲངས་གཞིར་བློ་ཡིད་ཚིམ་པོ་བྱུང་། ཉེ་དུས་སུ་ཁོ་ཤིང་དང་ཧྥ་མའི་བར་རིམས་འགོག་སྨན་ཉོ་སྒྲུབ་གྲོས་ཆོད་ལ་མིང་རྟགས་འགོད་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཀྲུང་གོའི་ཁོ་ཤིང་ཀུང་སིས་མ་ལེ་ཞི་ཡར་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་གྱི་ཕྱེད་བཟོས་ཐོན་རྫས་བྱེ་བ་གཅིག་དང་ས་ཡ་བཞི་མཁོ་འདོན་བྱ་རྒྱུ་ཡིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མ་ལེ་ཞི་ཡའི་གཞུང་ཁོངས་སྨན་བཟོ་ཁེ་ལས་ཆེ་གྲས་ཧྥ་མ་ཀུང་སིས་སྤྱི་ཚེས་12ཉིན་ཀྲུང་གོའི་ཁོ་ཤིང་ཀུང་སི་དང་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་གྱི་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད་པ་རེད།