ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

པེ་ཅིང་གྲོང་ཁྱེར་དང་། ཧར་པིན་གྲོང་ཁྱེར་གྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གནས་ཚུལ་བརྡ་ཁྱབ་བཏང་བ།

2021-01-13 09:54:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། པེ་ཅིང་གྲོང་ཁྱེར་གྱིས་ཚེས་11ཉིན་ནས་འགོ་ཚུགས་ཏེ་ཞི་ཁྲེང་ཁུལ་ཀྲོང་ཧྲེང་ཐང་ཆེན་ལ་དོ་དམ་ཚོད་འཛིན་ ་དང་འགོས་ནད་རིག་པའི་བརྟག་དཔྱད་བྱས་ཡོད། འབྲེལ་གཏུག་དམ་ཟབ་བྱེད་མྱོང་མཁན་146ཡོད་པ་དང་། གཞུང་ལས་ཐོག་ཁང་གི་ཁྱབ་ཁོངས་གཙོ་བོ་དང་སྤྱི་པའི་ཁྱབ་ཁོངས་ལ་ཕྱིའི་ཁོར་ཡུག་གི་ཉིང་སྐྱུར་བརྟག་དཔྱད་བྱས་ཡོད། ཁ་སྣ་གཉིས་ནས་མ་དཔེ་5879བླངས་པ་དང་། ཕྱིའི་ཁོར་ཡུག་གི་མ་དཔེ་871བླངས་ཡོད། བརྟག་དཔྱད་བྱས་པ་བརྒྱུད་མ་དཔེ་དེ་དག་ཚང་མའི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་སྲིབས་གཤིས་ཡིན་པ་རེད། ཚེས་12ཉིན་ནས་འགོ་ཚུགས་ཏེ། པེ་ཅིང་གྲོང་ཁྱེར་གྱིས་ཧྲུན་དབྱི་ཁུལ་ནན་ཧྥ་ཤིན་གྲོང་རྡལ་ཏུང་ཧའེ་ཧུང་གྲོང་ཚོ་དེ་ཉིད་ཉེན་ཁ་དམའ་བའི་ས་ཆར་བཅོས་སྒྲིག་བྱས་ཡོད། མིག་སྔའི་བར་སླེབས་དུས། པེ་ཅིང་གྲོང་ཁྱེར་ལ་སྔར་བཞིན་ཉེན་ཁ་འབྲིང་བའི་ས་ཁུལ་8ཡོད།

ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་གྱིས་ཚེས་12ཉིན་གྱི་དགོང་མོ་བརྡ་ཁྱབ་བཏང་བར་གཞིགས་ན། གྲོང་ཁྱེར་དེར་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་གཏན་འཁེལ་བྱུང་བའི་ནད་དཔེ་1མང་དུ་ཕྱིན་ཡོད་པ་དང་མི་དེ་ནི་ཝང་ཁུའེ་རྫོང་ནས་ཡོང་བ་ཤིག་རེད། གཞན་ཡང་། ཁ་སང་ཧེ་ལུང་ཅང་ཞིང་ཆེན་གྱི་ས་ཁུལ་གཞན་དུ་ཡང་ནད་རྟགས་མི་མངོན་པའི་ནད་པ་ཤེས་རྟོགས་བྱུང་ཡོད་པ་དང་། དེའི་ཁྲོད་ཆི་ཆི་ཧ་ཨར་གྲོང་ཁྱེར་དུ་མི་7དང་། དབྱི་ཁྲུན་གྲོང་ཁྱེར་དུ་མི་1བཅས་ཡོད་པ་དང་། མི་དེ་ཚོ་ཚང་མ་ཝང་ཁུའེ་རྫོང་ནས་ཡོང་བའམ་ཡང་ན་ཝང་ཁུའེ་རྫོང་ནས་ཡོང་བའི་མི་དང་འབྲེལ་གཏུག་དམ་ཟབ་བྱེད་མྱོང་མཁན་ཤ་སྟག་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

པེ་ཅིང་གྲོང་ཁྱེར་དང་། ཧར་པིན་གྲོང་ཁྱེར་གྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གནས་ཚུལ་བརྡ་ཁྱབ་བཏང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། པེ་ཅིང་གྲོང་ཁྱེར་གྱིས་ཚེས་11ཉིན་ནས་འགོ་ཚུགས་ཏེ་ཞི་ཁྲེང་ཁུལ་ཀྲོང་ཧྲེང་ཐང་ཆེན་ལ་དོ་དམ་ཚོད་འཛིན་ ་དང་འགོས་ནད་རིག་པའི་བརྟག་དཔྱད་བྱས་ཡོད། འབྲེལ་གཏུག་དམ་ཟབ་བྱེད་མྱོང་མཁན་146ཡོད་པ་དང་།