ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེས་དུས་《ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཞེས་པ་པར་འགྲེམ་བྱས་པ།

2021-01-13 09:53:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེས་དུས་《ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཞེས་པ་པར་འགྲེམ་བྱས་ཡོད།

《བསམ་འཆར》ནང་ནགས་ཚལ་དང་རྩྭ་ཐང་ནི་རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེན་ཡིན་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་ཐད་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ནུས་པ་གལ་ཆེན་ལྡན་ཡོད། རི་ཆུ་ནགས་ཞིང་རྩྭ་མཚེའུ་གོ་རིམ་དང་ལྡན་པའི་སྒོ་ནས་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་ལྟར། རྒྱལ་ཡོངས་སུ་ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་། ས་གནས་ཀྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་ནགས་ཚལ་རྩྭ་ཐང་ཐོན་ཁུངས་སྲུང་སྤེལ་བྱེད་པའི་དམིགས་འབེན་འགན་འཁྲི་ཁ་གསལ་བཟོ་དགོས་པ་དང་། ཏང་སྲིད་ཀྱིས་འགན་མཉམ་ཁུར་དང་། ཁོངས་གཏོགས་ས་ཆས་འགན་ཁུར་བ། ཚན་པས་མཐུན་སྦྱོར་རམ་འདེགས་བྱེད་པ། འབྱུང་ཁུངས་ནས་བཅོས་སྒྲིག་བྱེད་པ། ཕྱོགས་ཡོངས་ལ་ཁྱབ་པ་བཅས་ཀྱི་ཡུན་ཕན་སྒྲིག་གཞི་འཛུགས་དགོས་པ་དང་། སྐྱེ་ཁམས་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཇེ་མགྱོགས་གཏོང་དགོས་ཞེས་བཏོན་ཡོད།

《བསམ་འཆར》ནང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཁག་གིས་སྤྱི་ཁྱབ་ནགས་དཔོན་བསྐོ་བཞག་བྱས་ཏེ། ཞིང་ཆེན་རིམ་པའི་ཏང་ཨུད་དང་ཡང་ན་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་འགན་ཁུར་དུ་བཅུག་དགོས་པ་དང་། སྤྱི་ཁྱབ་ནགས་དཔོན་གཞོན་པ་བསྐོ་བཞག་བྱས་ཏེ། ཞིང་ཆེན་རིམ་པའི་འགན་ཁུར་བློ་མཐུན་གྱིས་འགན་ཁུར་དུ་བཅུག་དགོས་པ་དང་། ས་ཆ་ཁག་བགོས་བྱས་ནས་དོ་དམ་བྱེད་དུ་བཅུག་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱིས་རང་སོའི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། གྲོང་ཁྱེར་དང་། རྫོང་། ཤང་སོགས་རིམ་པ་ཁག་གིས་ནགས་དཔོན་བསྐོ་བཞག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

《བསམ་འཆར》ནང་ད་དུང་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ཀྱི་སྐྱེ་ཁམས་སླར་གསོར་ཤུགས་སྣོན་རྒྱག་རྒྱུ། ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ཀྱི་གནོད་འཚེ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུ། ནགས་ཚལ་དང་རྩྭ་ཐང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། ནགས་ཚལ་དང་རྩྭ་ཐང་ཁྱབ་ཁོངས་ལ་ལྟ་སྐུ་ཚད་ལེན་དང་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ཐད་ལས་འགན་དང་བླང་བྱ་བཏོན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེས་དུས་《ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཞེས་པ་པར་འགྲེམ་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེས་དུས་《ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཞེས་པ་པར་འགྲེམ་བྱས་ཡོད།