ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རང་རྒྱལ་གྱི་གསོག་ཉར་བྱས་པའི་སོན་གྱི་སྤུས་ཚད་ཀྱི་ཐོན་ཁུངས་སྤྱི་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པ།

2021-01-13 09:51:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་སྤྱི་ཚེས་12ཉིན་རང་རྒྱལ་གྱི་གསོག་ཉར་བྱས་པའི་སོན་གྱི་སྤུས་ཚད་ཀྱི་ཐོན་ཁུངས་སྤྱི་འབོར་ལྔ་འབུམ་ཉིས་ཁྲི་ལས་འགག་གཏོར་ཐུབ་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱིས་སྐྱེ་དངོས་གསོ་སྤེལ་གྱི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དང་། སོན་གྱི་འབྱུང་རྩའི་ལག་རྩལ་ལ་འགག་གཏོར་བྱས་ཏེ་འདེབས་འཛུགས་ལས་རིགས་ལ་ཕན་འབྲས་ཡག་པོ་ཐོན་པ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

ཀྲུང་གོ་ཚན་རིག་ཁང་གིས་བརྡ་ཁྱབ་བཏང་བར། མིག་སྔར་རང་རྒྱལ་གྱིས་ཞིང་ལས་གྲོང་གསེབ་པུའི་ལོ་ཏོག་གི་སོན་གྱི་སྤུས་ཚད་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ལྟེ་གནས་བཙུགས་པ་དང་། ཐོན་ཁུངས་གསོག་ཉར་བྱས་པའི་སྤྱི་འབོར་ལྔ་འབུམ་ཉིས་ཁྲི་ལས་བརྒལ་ནས། འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད། གསོག་ཉར་ཤོང་ཚད་ཁྲི་150ཟིན་པའི་རྒྱལ་ཁབ་ཀྱི་ལོ་ཏོག་གི་སོན་གྱི་སྤུད་ཚད་ཀྱི་མཛོད་ཁང་གསར་སྐྲུན་གྲུབ་རྗེས་རང་རྒྱལ་གྱི་སོན་གྱི་སྤུས་ཚད་ཐོན་ཁུངས་ཀྱི་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་ཤུགས་ཆེན་འགྲོ་རྒྱུ་ཡིན་པ་རེད།

ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་ཚུན་དུ། རང་རྒྱལ་གྱི་ཞིང་ལས་ཚན་རྩལ་གོང་འཕེལ་བྱུང་བ་དང་བསྟུན་ནས། ཞིང་ལས་ལོ་ཏོག་གི་སོན་བཟང་ཁྱབ་ཚད་བརྒྱ་ཆ་96ཡན་ཟིན་པ་དང་། རང་བརྟེན་འདེམས་གསོའི་སྣེ་རིགས་རྒྱ་ཁྱོན་གྱིས་བརྒྱ་ཆ་95ལས་བརྒལ་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱིས་སོན་གྱི་འབྱུང་རྩའི་ལག་རྩལ་ལ་འགག་གཏོར་བྱེད་པའི་ལས་དོན་སྤེལ་རྒྱུ་ཡིན་ཞིང་། དེའི་ཐད་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་སོན་གྱི་སྤུས་ཚད་ཀྱི་ཐོན་ཁོངས་དང་རྨང་གཞིའི་ཞིབ་འཇུག ལྟེ་བའི་ལག་རྩལ། ཐོན་རྫས་གལ་ཆེན་སོགས་ཐད་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

རང་རྒྱལ་གྱི་གསོག་ཉར་བྱས་པའི་སོན་གྱི་སྤུས་ཚད་ཀྱི་ཐོན་ཁུངས་སྤྱི་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་སྤྱི་ཚེས་12ཉིན་རང་རྒྱལ་གྱི་གསོག་ཉར་བྱས་པའི་སོན་གྱི་སྤུས་ཚད་ཀྱི་ཐོན་ཁུངས་སྤྱི་འབོར་ལྔ་འབུམ་ཉིས་ཁྲི་ལས་འགག་གཏོར་ཐུབ་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད།