ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལོ་གསར་གནམ་གང་དགོང་མོའི་མེ་འཁོར་སྤ་སེ་འཚོང་འགོ་ཚུགས་པ།

2021-01-13 09:49:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལོ་གསར་གནམ་གང་དགོང་མོའི་མེ་འཁོར་སྤ་སེ་དེ་སྤྱི་ཚེས་13ཉིན་ནས་འཚོང་འགོ་ཚུགས་ཡོད། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། འདི་ལོ་མེ་འཁོར་སྤ་སེ་སྔོན་འཚོང་བྱ་ཚུལ་ལོ་སྔོན་མ་ལྟར་ཛ་དྲག་པོ་དེ་ཙམ་མེད་པ་རེད། 12306ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། སྤྱི་ཟླ་དང་པོའི་ཚེས་9ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང་། ཅིང་ཧུའུ་དང་། ཅིང་ཧུའུ་མྱུར་བགྲོད་མེ་འཁོར། ཅིང་ཅིའུ། ཅིང་ཀོང་། ཅིང་ཀོང་མྱུར་བགྲོད་མེ་འཁོར། ཅིང་ཡོན་ལམ་ཐིག་གི་ཧོ་པེ་ཞིང་ཆེན་གྱི་འབབ་ཚུགས་ཁག་བཅས་ནས་པེ་ཅིང་ས་ཁུལ་གྱི་འབབ་ཚུགས་ཁག་ཏུ་གཏོང་བའི་མེ་འཁོར་བའི་སྤ་སེ་གནས་སྐབས་འཚོང་མཚམས་བཞག་ཡོད་པ་དང་། ཧྲི་ཅ་ཀྲོང་དང་ཞིང་ཐེ་ས་ཁུལ་གྱི་འབབ་ཚུགས་ཁག་ནས་རྒྱལ་ཡོངས་ཀྱི་འབབ་ཚུགས་ཁག་ཏུ་བསྐྱོད་པའི་མེ་འཁོར་སྤ་སེ་གནས་སྐབས་འཚོང་མཚམས་བཞག་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ལོ་གསར་གནམ་གང་དགོང་མོའི་མེ་འཁོར་སྤ་སེ་འཚོང་འགོ་ཚུགས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལོ་གསར་གནམ་གང་དགོང་མོའི་མེ་འཁོར་སྤ་སེ་དེ་སྤྱི་ཚེས་13ཉིན་ནས་འཚོང་འགོ་ཚུགས་ཡོད། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། འདི་ལོ་མེ་འཁོར་སྤ་སེ་སྔོན་འཚོང་བྱ་ཚུལ་ལོ་སྔོན་མ་ལྟར་ཛ་དྲག་པོ་དེ་ཙམ་མེད་པ་རེད།