ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་དབྱང་ཁེ་ལས་དང་ཀྲུང་དབྱང་གི་དངུལ་རྩའི་ལས་ཁུངས་ཀྱིས་གཞུང་ཁོངས་མ་རྩ་ཁག་གཅིག་སྤོ་སྒྱུར་བྱས་ནས་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་ཁ་སྣོན་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ།

2021-01-13 09:45:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པར་སྤྱི་ཚེས་12ཉིན་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་2020ལོའི་ལོ་མཇུག་བར་སླེབས་དུས། ཆ་རྐྱེན་དང་འཚམས་པའི་ཀྲུང་དབྱང་ཁེ་ལས་དང་ཀྲུང་དབྱང་གི་དངུལ་རྩའི་ལས་ཁུངས་ཀྱིས་གཞུང་ཁོངས་མ་དངུལ་ཁག་གཅིག་སྤོ་སྒྱུར་བྱས་ནས་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་ཁ་སྣོན་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་ཡོད་པ་དང་། ཁྱོན་ཀྲུང་དབྱང་ཁེ་ལས་དང་ཀྲུང་དབྱང་གི་དངུལ་རྩའི་ལས་ཁུངས་93གྱི་གཞུང་ཁོངས་མ་དངུལ་ཁྱོན་སྒོར་དུང་ཕྱུར་1ཁྲི་6800སྤོ་སྒྱུར་བྱས་ཡོད། ཀྲུང་དབྱང་བང་རིམ་གྱི་སྤོ་སྒྱུར་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་ནས། དེ་བས་གཞུང་དྲང་དང་དེ་བས་རྒྱུན་མཐུད་ཐུབ་པའི་རྒན་གསོ་འགན་བཅོལ་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་འགན་སྲུང་ནུས་ལྡན་བྱས་ཡོད་པ་དང་། གཞུང་ཁོངས་ཁེ་ལས་དམངས་ཡོངས་ལ་དབང་བ་དང་གོང་འཕེལ་གྱི་གྲུབ་འབྲས་དམངས་ཡོངས་ནས་མཉམ་སྤྱོད་ཐུབ་པ་གང་ལེགས་མངོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཀྲུང་དབྱང་ཁེ་ལས་དང་ཀྲུང་དབྱང་གི་དངུལ་རྩའི་ལས་ཁུངས་ཀྱིས་གཞུང་ཁོངས་མ་རྩ་ཁག་གཅིག་སྤོ་སྒྱུར་བྱས་ནས་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་ཁ་སྣོན་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ།

སྤྱི་ལོ་2020ལོའི་ལོ་མཇུག་བར་སླེབས་དུས། ཆ་རྐྱེན་དང་འཚམས་པའི་ཀྲུང་དབྱང་ཁེ་ལས་དང་ཀྲུང་དབྱང་གི་དངུལ་རྩའི་ལས་ཁུངས་ཀྱིས་གཞུང་ཁོངས་མ་དངུལ་ཁག་གཅིག་སྤོ་སྒྱུར་བྱས་ནས་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་ཁ་སྣོན་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་ཡོད་པ་དང་།