ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཀྲན་ཧྲུའུ་ཡིས་ཧྲན་ཤི་རུ་རྟོག་ཞིབ་གནང་བ།

2020-11-20 16:04:00     责编:sangjzm

སྤྱི་ཚེས་16ཉིན་ནས་18ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཧྲན་ཤིའི་རུ་རྟོག་ཞིབ་གནང་བ་དང་། ཁོང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་ལྟར། ཁྲིམས་ལྟར་རང་འགན་གཙང་སྒྲུབ་དང་། འགན་འཁྲི་འཁུར་ཕོད་པ་བྱས་ཏེ་སྒོ་ཀུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་པའི་རྒྱང་སྐྱོད་གསར་པའི་ཐོག་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།

རྟོག་ཞིབ་གནང་རིང་། ལི་ཀྲན་ཧྲུའུ་ཡིས་ཡུན་ཁྲེང་དང་། ཁྲང་ཀྲེ། ཅིན་ཀྲུང་། ཐའེ་ཡོན་སོགས་ས་གནས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ས་ཚིགས་དང་། གཞི་རིམ་ཁྲིམས་བཙུགས་ཀྱི་འབྲེལ་གཏུག་ས་ཚིགས། མི་དམངས་འཐུས་ཚོགས་ལས་ཁུངས་བཅས་སུ་ཟབ་སྐྱོད་གནང་བ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གཞི་རིམ་ཁྲིམས་སྐྱོང་ལས་དོན་པ། རིགས་གཅིག་མཁས་པ་དང་ཤེས་ལྡན་པ་བཅས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོར་གསན་ཡོད། དེ་ཡང་ཁེ་ལས་དང་སྡེ་ཁུལ། བརྗེ་སྒྱུར་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟའི་དཔེ་སྟོན་ཁུལ་གྱི་སྲིད་དོན་ཞབས་ཞུའི་ལྟེ་གནས། ཧྥེན་ཧོ་ཅིན་ཡང་ཟམ་པའི་དུམ་མཚམས་བཅས་སུ་ཕེབས་ཏེ་ས་ཡུལ་དངོས་ནས་ཧྲན་ཤིའི་ཡི་བརྗེ་སྒྱུར་གོང་འཕེལ་དང་། ཚན་རྩལ་གསར་གཏོད། ཁོར་ཡུག་བཅོས་སྒྲིག གནའ་གྲོང་སྲུང་སྐྱོབ་སོགས་ཀྱི་ལས་ཀའི་གནས་ཚུལ་གསན་པ་དང་། དམག་སྡེ་བརྒྱད་པའི་ཐའེ་ཧང་དྲན་གསོ་ཁང་དུ་ཕེབས་ནས་སྔོན་བཤེགས་དཔའ་བོར་རྗེས་དྲན་ཞུས་གནང་བ།

འབྲེལ་ཡོད་ལས་དོན་སྙན་སེང་གསན་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཤིའི་ལས་དོན་ཐད་གནང་བའི་མཛུབ་ཁྲིད་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་པོ་བྱེད་པ་དང་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་སོགས་ཀྱི་ཐད་བཞུགས་མོལ་དང་སྤེལ་རེས་ཀྱང་གནང་ཡོད་པ་རེད།

ལི་ཀྲན་ཧྲུའུ་ཡིས། ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་གྲོས་ཚོགས་ཀྱི་གྲུབ་འབྲས་ཆེ་ཤོས་དེ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གཏན་འཁེལ་བྱུང་བ་དེ་རེད། དགོངས་པ་གལ་ཆེན་དེ་ནི་མ་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་གཞུང་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཤིག་རེད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆའི་གལ་ཆེན་ཆ་ཤས་ཤིག དེ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཕྱོགས་སྟོན་ཞིག་བཅས་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ས་གནས་མི་དམངས་འཐུས་ཚོགས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་མཚམས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། གཞི་རྩའི་དགོངས་པ་གསལ་རྟོགས་དང་། ལྟེ་བའི་དོན་སྙིང་དམ་འཛིན། ལས་ཀའི་བླང་བྱ་གསལ་སྟོན་བཅས་བྱེད་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཆབ་སྲིད་ཁ་ཕྱོགས་དང་གནས་བབ་གལ་ཆེན། ལས་ཀའི་བཀོད་སྒྲིག གཙོ་གནད་ལས་འགན། འབྲེལ་བ་ཆེ་གྲས། འགན་སྲུང་གལ་ཆེན་བཅས་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ཏེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྲོད་ཀྱི་འགན་འཁྲིའི་ནུས་པ་ཡག་པོ་འདོན་དགོས། འཐུས་མིའི་བྱེད་པོའི་གནས་བབ་ལ་བརྩི་འཇོག་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་སྒྲིག་གཞི་དང་ལས་ཀའི་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ་མང་ཚོགས་ཀྱིས་འདུན་པ་ཤོད་པ་དང་གྲོས་འགོ་འདོན་པའི་ལམ་བུ་ཤར་བགྲོད་ཐུབ་པ་བྱེད་དགོས་པ་དང་། མང་ཚོགས་དང་དེ་བས་འབྲེལ་གཏུག་དམ་ཟབ་བྱེད་པ་དང་འཐུས་མིས་ཁྲིམས་ལྟར་འགན་འཁྲི་བསྒྲུབ་རྒྱུར་ཞབས་ཞུ་དང་འགན་སྲུང་ཡག་པོ་བྱེད་པ་བཅས་བྱས་ཐོག་ཕྱོགས་ཁག་གི་བློ་རིག་དང་སྟོབས་ཤུགས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞིའི་རིང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ཐོག་ཏུ་གཅིག་སྡུད་བྱེད་དགོས་ཞེས་གསུངས་ཡོད།

ལི་ཀྲན་ཧྲུའུ་ཡིས། ཧྲན་ཤིའི་ལ་བསྒྱུར་བཅོས་གསར་གཏོད་དང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་གསར་པར་གདེང་འཇོག་དང་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཤིའི་ཡི་ལས་དོན་ཐད་གནང་བའི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་གཞིགས་ནས་བརྗེ་སྒྱུར་གོང་འཕེལ་གྱི་ཐད་སྔོན་ལ་ལམ་བུ་གསར་པ་ཞིག་ཆགས་པ་བྱེད་དགོས། གཅིག་ནས། ཧྲན་ཤིའི་ཡི་གོང་འཕེལ་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་ཁྲོད་དུ་འཇོག་དགོས། གཉིས་ནས། བརྗེ་སྒྱུར་གོང་འཕེལ་ཉིད་དཔལ་འབྱོར་ལས་དོན་དང་བྱ་གཞག་ཁག་གི་སྤྱིའི་རྩ་འཛིན་དུ་རྒྱུན་འཁྱོངས་བྱེད་དགོས། གསུམ་ནས། རང་རྟོགས་རང་འཕེལ་གྱི་རེ་བ་ལྟར་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་དགོས། བཞི་ནས། གསར་བརྗེའི་རིག་གནས་རྒྱུད་འཛིན་དང་ཐའེ་ཧང་སྙིང་སྟོབས་དང་། ལུས་ལེའང་སྙིང་། ཡའུ་ཡུས་སྙིང་སྟོབས་བཅས་དར་སྤེལ་བཏང་ནས་ཧྲན་ཤིའི་ཡི་བྱ་གཞག་ཁག་གོང་འཕེལ་ཡོང་རྒྱུར་འགུལ་ནུས་ཆེན་པོ་སྦྱིན་དགོས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

ལི་ཀྲན་ཧྲུའུ་ཡིས་ཧྲན་ཤི་རུ་རྟོག་ཞིབ་གནང་བ།

སྤྱི་ཚེས་16ཉིན་ནས་18ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཧྲན་ཤིའི་རུ་རྟོག་ཞིབ་གནང་བ་དང་། ཁོང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང