ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་དུ་ལས་རིགས་གཅིག་ལ་ལག་ཁྱེར་གཅིག་གི་སྒྱུར་བཅོས་ཚོད་ལྟ་བྱ་རྒྱུར་མཆན་འགོད་བཀའ་ལན་གནང་ནས་མོས་མཐུན་གནང་བ།

2020-11-20 16:00:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཙུང་ལི་ལི་ཁེ་ཆང་གི་ཞིབ་མཆན་བཀོད་གནང་བ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་དུ་ལས་རིགས་གཅིག་ལ་ལག་ཁྱེར་གཅིག་གི་སྒྱུར་བཅོས་ཚོད་ལྟ་བྱས་ཏེ་ལས་རིགས་ཀྱི་ཞུགས་འཐུས་མ་གནས་ཆེས་ཆེར་དམའ་རུ་གཏོང་བའི་སྤྱིའི་ཇུས་འགོད་སྐོར་གྱི་མཆན་འགོད་བཀའ་ལན་པར་འགྲེམས་བྱས་ནས། ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་དུ་ལས་རིགས་གཅིག་ལ་ལག་ཁྱེར་གཅིག་གི་སྒྱུར་བཅོས་ཚོད་ལྟ་བྱ་རྒྱུའི་མོས་མཐུན་གནང་བ་དང་། ཚོད་ལྟ་བྱེད་པའི་དུས་ཡུན་ནི་མཆན་འགོད་བཀའ་ལན་གནང་བའི་ཉིན་དེ་ནས་བཟུང་སྤྱི་ལོ་2022ལོའི་ལོ་མཇུག་བར་ཡིན་པ་རེད།

མཆན་འགོད་བཀའ་ལན་ནང་། ཁྲོམ་རའི་གཙོ་གཟུགས་དམིགས་བསལ་གཏན་འཁེལ་གྱི་ལས་རིགས་ནང་ཞུགས་ནས་ལས་གཉེར་བྱེད་པ་དང་འབྲེལ་བ་ཡོད་པའི་ཆོས་མཐུན་ལག་ཁྱེར་མང་པོ་ཞིག་ལས་རིགས་ཕྱོགས་བསྡུས་ཆོག་མཆན་དཔང་ཡིག་ཅེས་པས་འཐུས་པ་བྱ་རྒྱུ་དང་། ལས་རིགས་ཀྱི་ཞུགས་འཐུས་མ་གནས་དམའ་རུ་ཤུགས་ཆེན་གཏོང་རྒྱུ་ཡིན་པ་རེད།

ཁྲོམ་རའི་ཞུགས་འཐུས་ཀྱི་ཞིབ་མཆན་འགོད་མང་བ་དང་ཁྲོམ་རའི་བྱེད་པོར་དོ་ཁུར་བྱེད་མང་བའི་ལས་རིགས་ལ་གཞིགས་པ་དང་། ལས་རིགས་ཀྱི་གཅིག་སྡུད་ཆོག་འཐུས་ལམ་ལུགས་བཙུགས་ཏེ། སྣེ་ཁྲིད་པ་གཅིག་དང་། ཕྱོགས་སྟོན་པ་གཅིག གསལ་བཤད་ཤོག་ལྷེ་གཅིག རེ་ཞུའི་རེའུ་མིག་གཅིག ཞིབ་མཆན་འགོད་ཐེངས་གཅིག ལས་གཉེར་ཆོག་པའི་ལག་ཁྱེར་གཅིག་བཅས་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་པ་རེད། གློག་རྡུལ་ཚོང་དོན་དང་། སྟབས་བདེའི་ཚོང་ཁང་། སྒོ་རྩིས་ཚོང་ཁང་། ཟ་ཁང་། མགྲོན་ཁང་སོགས་ལས་རིགས་31སྒྱུར་བཅོས་ཚོད་ལྟ་བྱེད་ཐེངས་དང་པོའི་ཁོངས་སུ་བདམས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་གིས་འགན་འཁུར་ནས་ལག་ལེན་བསྟར་བའི་རྣམ་གྲངས་25ཡི་སྲིད་འཛིན་ཆོག་འཐུས་སོགས་ཀྱི་ལས་དོན་ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་ལ་བདག་སྤྲོད་དང་ལག་ཁྱེར་སྤྲོད་པའི་ལས་འགན་སྤྲད་ཡོད།

ལས་རིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་འཛུགས་པ་དང་ལས་རིགས་ཀྱི་ཉེན་ཁ་ཆེན་པོ་སྔོན་འགོག་ནུས་ལྡན་བྱ་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་དུ་ལས་རིགས་གཅིག་ལ་ལག་ཁྱེར་གཅིག་གི་སྒྱུར་བཅོས་ཚོད་ལྟ་བྱ་རྒྱུར་མཆན་འགོད་བཀའ་ལན་གནང་ནས་མོས་མཐུན་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཙུང་ལི་ལི་ཁེ་ཆང་གི་ཞིབ་མཆན་བཀོད་གནང་བ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་ཁུལ་གསར་དུ་ལས་རིགས་གཅིག་ལ་ལག་ཁྱེར་གཅིག་གི་སྒྱུར་བཅོས་ཚོད་ལྟ་བྱས་ཏེ་ལས་རིགས་ཀྱི་ཞུགས་འཐུས་མ་གནས་ཆེས་ཆེར་དམའ་རུ་