ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རང་རྒྱལ་གྱི་དབུལ་ཕོངས་མི་འབོར་ཡོངས་ཀྱི་ཡོང་འབབ་ཆུ་ཚད་དབུལ་སྒྲོལ་གྱི་ཚད་གཞི་ལས་བརྒལ་བ།

2020-11-20 15:31:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་19ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་སོགས་སྡེ་ཚན་གྱིས། ལོ་ལྔའི་རིང་། རང་རྒྱལ་གྱི་ལས་ཞུགས་དབུལ་སྐྱོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། དབུལ་ཕོངས་མི་འབོར་ཡོངས་ཀྱི་ཡོང་འབབ་ཆུ་ཚད་དབུལ་སྒྲོལ་གྱི་ཚད་གཞི་ལས་བརྒལ་ཡོད་ཅེས་བཤད་ཡོད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་ལི་ཀྲུང་གིས། ལོ་5འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་ལས་ཞུགས་དབུལ་སྐྱོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། 90%ཡན་གྱི་ཡིག་ཚགས་དང་གཱ་ཤོག་བཟོས་པའི་དབུལ་ཕོངས་མི་འབོར་ལ་ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་གྱི་རྒྱབ་སྐྱོར་ཐོབ་པ་དང་། གསུམ་ཆ་གཉིས་ཡན་གཙོ་བོ་ཕྱིར་གླ་པར་སྐྱོད་པ་དང་ཐོན་ལས་དབུལ་སྐྱོར་ལ་བརྟེན་གྱི་ཡོད། རིམ་རྩིས་བྱས་ན་དབུལ་སྐྱོར་འཁོར་ཁང་གསུམ་ཁྲི་2688བསྐྲུན་པ་དང་། དབུལ་ཕོངས་གྲོང་ཚོའི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ་བཞི་འབུམ་ཆིག་ཁྲི་ལྷག་གསོ་སྐྱོང་བྱས་པ། རིགས་ཁག་གི་གཉེར་སྐྱོང་གཙོ་གཟུགས་ཉིས་འབུམ་ཆིག་ཁྲི་བཞི་སྟོང་གསར་འཛུགས་བྱས་པ། དབུལ་སྐྱོར་འཁོར་ཁང་དུ་དབུལ་ཕོངས་མི་འབོར་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་ཚད་བཞི་འབུམ་གསུམ་ཁྲི་བདུན་སྟོང་ཟིན་ཡོད་ཞེས་བསྟན་ཡོད།

སྤྱི་ལོ་ 2016ལོ་ནས་སྤྱི་ལོ་2020ལོ་བར། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཕྱིར་གླ་པར་སྐྱོད་མཁན་མི་གྲངས་བྱེ་བ་གཅིག་ལྷག་མང་དུ་ཕྱིན་པ་དང་། ཕྱི་ཕྱོགས་སུ་ལས་ཀ་བྱེད་པར་འགྲོ་བའི་བརྟན་འཇགས་རང་བཞིན་ཡང་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད། ལོ་སྟོད་དུ། དབུལ་ཕོངས་ས་ཁུལ་གྱི་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་སྣོན་འགྲོ་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། དེའི་ཐོག་ནས་ལོ་འདི་དག་རིང་དབུལ་སྒྲོལ་འགག་གཏོར་གྱིས་དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ལྷག་པར་དུ་ཞིང་པའི་ཡོང་འབབ་འཕར་སྣོན་འགྲོ་རྒྱུར་ནུས་པ་གལ་ཆེན་ཐོན་པ་མཚོན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཨོའུ་ཆིང་ཕིང་གིས། སྤྱི་ཚོགས་འགན་སྲུང་གི་ཕྱོགས་ཁག་གི་སྲིད་ཇུས་དོན་འཁྱོལ་བྱས་པ་བརྒྱུད་དབུལ་ཕོངས་ཁྱིམ་ཚང་གི་གཏོང་སྒོ་ཉུང་དུ་ཕྱིན་པ་དཔེར་ན། སྨན་བཅོས་འགྲོ་གྲོན་གྱི་གཏོང་སྒོ་ཉུང་དུ་ཕྱིན་པ་ལྟ་བུ་ཡིན། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཆུ་ཚད་མཐོ་རུ་བཏང་ནས་དབུལ་ཕོངས་ཁྱིམ་ཚང་ལ་འབབ་འཕར་ཡོང་ཆེད་སྲིད་ཇུས་ཀྱི་གཟིགས་སྐྱོང་ཆེན་པོ་ཐོབ་པ་བྱས་ཡོད། མིག་སྔར་དབུལ་ཕོངས་མི་འབོར་ཡོངས་ཀྱི་ཡོང་འབབ་ཆུ་ཚད་དབུལ་སྒྲོལ་གྱི་ཚད་གཞི་ལས་བརྒལ་ཡོད། ང་ཚོས་ཚད་བརྒལ་གཅིག་དང་། སེམས་ཁྲལ་མེད་པ་གཉིས། འགན་ལེན་གསུམ་བཅས་ཀྱི་དབུལ་སྒྲོལ་དམིགས་ཚད་མངོན་འགྱུར་ཐུབ་ངེས་རེད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

རང་རྒྱལ་གྱི་དབུལ་ཕོངས་མི་འབོར་ཡོངས་ཀྱི་ཡོང་འབབ་ཆུ་ཚད་དབུལ་སྒྲོལ་གྱི་ཚད་གཞི་ལས་བརྒལ་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་19ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་སོགས་ས