ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རང་རྒྱལ་གྱིས་ཁྱོན་ཡོངས་ནས་དཔང་ཡིག་བྱ་དོན་གསལ་བརྡ་སྤྲོད་པའི་ཁས་ལེན་ལམ་ལུགས་ལག་བསྟར་བྱ་རྒྱུ།

2020-11-20 15:28:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རང་རྒྱལ་གྱིས་དཔང་ཡིག་བྱ་དོན་དང་ཁེ་ལས་ཀྱི་ལས་གཉེར་ཆོག་འཐུས་ལག་ཁྱེར་གྱི་བྱ་དོན་དང་འབྲེལ་བ་ཡོད་པའི་གསལ་བརྡ་སྤྲོད་པའི་ཁས་ལེན་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། སྤྱི་ཚེས་19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་སྲིད་ཇུས་ཟུར་གསལ་ཚོགས་འདུའི་ཐོག ཁྲིམས་འཛིན་པུའུ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུད་ཀྱི་འབྲེལ་ཡོད་འགན་འཁུར་བས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་མཛུབ་ཁྲིད་བསམ་འཆར་ལ་གསལ་བཤད་གནང་ཡོད་པ་རེད།

༼མཛུབ་ཁྲིད་བསམ་འཆར༽ནང་ཁེ་ལས་དང་མང་ཚོགས་ཀྱིས་ལས་སྒྲུབ་ལས་གཉེར་བྱེད་སྐབས་ཀྱི་ཤར་བགྲོད་བྱེད་དཀའ་བ་དང་ཐག་གཅོད་བྱེད་དཀའ་བའི་གནད་དོན་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པ་དང་། རྒྱལ་ཡོངས་ཁྱབ་ཁོངས་སུ་སྲིད་འཛིན་ལས་ཁུངས་དང་སྤྱི་པའི་བྱ་དོན་ལ་དོ་དམ་བྱེད་པའི་འགན་ནུས་ཡོད་མཁན་གྱི་ལས་ཁུངས་ཚང་མས་སྲིད་འཛིན་ཆོག་འཐུས་དང་སྲིད་འཛིན་གཏན་འཁེལ། སྲིད་འཛིན་འཇལ་སྤྲོད་སོགས་ཀྱི་བྱ་དོན་གཉེར་སྐབས་དཔང་ཡིག་བྱ་དོན་གསལ་བརྡ་སྤྲོད་པའི་ཁས་ལེན་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་། ལྷག་པར་དུ་ཐེམ་ཐོ་དོ་དམ་དང་། ཁྲོམ་རའི་གཙོ་གཟུགས་ཀྱི་ཚོང་གཉེར་ཆོག་འཐུས། ཐོབ་ཐང་ཡིག་རྒྱུགས། སྤྱི་ཚོགས་འགན་བཅོལ་རོགས་སྐྱོབ་སོགས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། བེད་སྤྱོད་བྱེད་ཚད་ཅུང་མང་བའི་ཁྱབ་ཁོངས་ནང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

༼མཛུབ་ཁྲིད་བསམ་འཆར༽ནང་ལས་ཀའི་བྱེད་ཐབས་བདུན་གཏན་འཁེལ་བྱས་ཡོད་པ་དང་། དེའི་ནང་གསལ་བརྡ་སྤྲོད་པའི་ཁས་ལེན་ལམ་ལུགས་ལག་བསྟར་བྱེད་པའི་དཔང་ཡིག་བྱ་དོན་ཁ་གསལ་བཟོ་རྒྱུ་དང་། གསལ་བརྡ་སྤྲོད་པའི་ཁས་ལེན་ལམ་ལུགས་ལག་བསྟར་བྱེད་པའི་ཁེ་ལས་ཀྱི་ཚོང་གཉེར་ཆོག་འཐུས་བྱ་དོན་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཁ་གསལ་བཟོ་རྒྱུ། གསལ་བརྡ་སྤྲོད་པའི་ཁས་ལེན་ལམ་ལུགས་སྤྱོད་ཡུལ་ཁ་གསལ་བཟོ་རྒྱུ། ད་དུང་གསལ་བརྡ་སྤྲོད་པའི་ཁས་ལེན་ལམ་ལུགས་ཀྱི་ལས་ཀའི་རྒྱུད་རིམ་ཚད་ལྡན་བཟོ་རྒྱུ་དང་། ལས་དོན་སྒྲུབ་སྐབས་དང་བསྒྲུབས་ཟིན་རྗེས་ཀྱི་དཔྱད་བསྡུར་ལ་ཤུགས་སྣོན་རྒྱག་རྒྱུ། ཡིད་རྟོན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། ཉེན་ཁ་སྔོན་འགོག་བྱ་ཐབས་ལེགས་སུ་གཏོང་རྒྱུ་སོགས་ཚུད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

རང་རྒྱལ་གྱིས་ཁྱོན་ཡོངས་ནས་དཔང་ཡིག་བྱ་དོན་གསལ་བརྡ་སྤྲོད་པའི་ཁས་ལེན་ལམ་ལུགས་ལག་བསྟར་བྱ་རྒྱུ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རང་རྒྱལ་གྱིས་དཔང་ཡིག་བྱ་དོན་དང་ཁེ་ལས་ཀྱི་ལས་གཉེར་ཆོག་འཐུས་ལག་ཁྱེར་གྱི་བྱ་དོན་དང་འབྲེལ་བ་ཡོད་པའི་གསལ་བརྡ་སྤྲོད་པའི་ཁས་ལེན་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། སྤྱི་ཚེས་19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུ