ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རང་རྒྱལ་གྱིས་ལོ་ཧྲིལ་པོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་ལས་ཞུགས་ཡོང་བའི་དམིགས་ཚད་ལས་འགན་སྔོན་ཚུད་ནས་ལེགས་སྒྲུབ་བྱས་པ།

2020-11-20 10:48:00     责编:sangjzm

ཉེ་ཆར་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཧྥུའུ་ལིང་ཧུའེ་ཡིས་ངོ་སྤྲོད་བྱས་དོན།

ཟླ་1པོ་ནས་10པ་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་1009གསར་དུ་ལས་ཞུགས་ཐུབ་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་སྔོན་ཚུད་ནས་ལེགས་སྒྲུབ་བྱུང་ཡོད།

ཟླ་10པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་5.3%ཟིན་ཏེ་ཟླ་9པ་ལས་བརྒྱ་ཆའི་གྲངས་0.1ཆག་ཡོད་པ་དང་ལས་ཞུགས་ཀྱི་རྣམ་པ་སྤྱིར་བརྟན་པོ་ཡོད་པ་རེད།

ཐོན་སྐྱེད་ནས་བལྟས་ཚེ།

ཟླ་10པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གནས་ཐང་འཕར་ཁྲལ་དུས་མཚུངས་ལས་6.9%འཕར་བ་དང་།

སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གནས་ཐང་འཕར་ཁྲལ་དུས་མཚུངས་ལས་10.8%འཕར་བ།

རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་ལས་7.4%འཕར་ཡོད།

དགོས་མཁོ་ནས་བལྟས་ཚེ།

ཟླ་10པར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་4.3%འཕར་བ་དང་།

ཟླ་1པོ་ནས་10པ་བར་རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར(ཞིང་དུད་ཚུད་མེད་པ)ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་1.8%འཕར་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

རང་རྒྱལ་གྱིས་ལོ་ཧྲིལ་པོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་ལས་ཞུགས་ཡོང་བའི་དམིགས་ཚད་ལས་འགན་སྔོན་ཚུད་ནས་ལེགས་སྒྲུབ་བྱས་པ།

ཟླ་1པོ་ནས་10པ་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་1009གསར་དུ་ལས་ཞུགས་ཐུབ་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་སྔོན་ཚུད་ནས་ལེགས་སྒྲུབ་བྱུང་ཡོད།