ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མངའ་རིས་དང་བོད་དབུས་རྒྱུད་ཀྱི་གློག་དྲ་སྦྲེལ་མཐུད་ལས་གཞིས་ཧྥུ་སྟོང་ཚན༢༢༠ཡི་གློག་བསྒྱུར་ས་ཚིགས་ཀྱི་ས་བབ་མཐོ་ཤོས་ཀྱི་ཟིན་ཐོ་བཏོད།

2020-11-19 10:01:00     责编:卓玛才让

སྤྱི་ཚེས ༡༦ ཉིན་མངའ་རིས་ས་ཁུལ་དང་བོད་དབུས་རྒྱུད་གློག་དྲ་སྦྲེལ་མཐུད་ལས་གཞིའི་ས་དགའ་གློག་བསྒྱུར་ས་ཚིགས་ནས་གློག་བདེ་བླག་ངང་གཏོང་ཐུབ་ཡོད་པ་དང་། དེ་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཧྥུ་སྟོང་ཚན ༢༢༠ ཡི་གློག་བསྒྱུར་ས་ཚིགས་ཡིན་པ་དང་། ས་བབ་མཐོ་ཚད་སྨིད ༤༦༨༨ ཟིན་པའི་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་དར་རྒྱས་གླིང་ཤང་ར་དགའ་གྲོང་ཚོར་གནས་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། མངའ་རིས་ས་ཁུལ་གྱི་དྲ་སྦྲེལ་ལས་གཞི་ནི་འཛམ་གླིང་ཀྱི་ས་བབ་མཐོ་ཤོས་ཀྱི་གློག་གཏོང་གློག་བསྒྱུར་ལས་གཞི་ཡིན་ཞིང་། ཁྱོན་སྒོར་དུང་ཕྱུར ༧༤ བཏང་སྟེ་གློག་བསྒྱུར་ས་ཚིགས་དྲུག་གསར་དུ་བསྐྲུན་རྩིས་ཡོད་པ་དེ་དག གྲོང་ཁྱེར༼ས་ཁུལ༽གཉིས་ཀྱི་རྫོང་༼ཆུས༽༡༠ ཁྱབ་རྒྱུ་དང་གློག་གཏོང་སྐུད་ལམ་གྱི་རིང་ཚད་སྤྱི་ལེ ༡༦༨༩ ཟིན་རྒྱུ་རེད།

མངའ་རིས་ས་ཁུལ་གྱི་དྲ་སྦྲེལ་ལས་གཞི་དེ་སྤྱི་ལོ ༢༠༡༩ ལོའི་ཟླ་དགུ་པར་སྐྲུན་འགོ་ཚུགས་ཚུན། ད་བར་གློག་བསྒྱུར་ས་ཚིགས ༣ དང་ལམ་ཐག་རིང་ཚད་སྤྱི་ལེ ༡༠༧༩ ཡི་གློག་གཏོང་སྙོམས་སྒྲིག་ཚོད་ལྟ་ལེགས་སྒྲུབ་བྱུང་ཞིང་། སྤྱི་ལོ ༢༠༢༡ ལོར་བསྐྲུན་ཟིན་ནས་འཁོར་རྒྱུག་ཐུབ་བཟོ་ཡོད། སྐབས་དེ་དུས་མི་གྲངས་ཁྲི་ཚོ ༣༨ ལྷག་ཙམ་ལ་བདེ་འཇགས་དང་བློས་འགེལ་ཆོག་པའི་གློག་བེད་སྤྱོད་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་དང་། བོད་ཀྱི་གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་རྫོང་ ༧༤ ལ་ཁྱབ་སྟེ། བོད་ཀྱི་མི་འབོར་བརྒྱ་ཆ ༩༧ གྱི་གློག་བེད་སྤྱོད་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།།

ཡོང་ཁུངས། བོད་ལྗོངས་རླུང་འཕྲིནབརྙན་འཕྲིན།

འཛམ་གླིང་སྐར་ཁུངས།

ཨ་རིའི་མི30ཁྲོད་མ་མཐའ་ཡང་མི1ལ་ཏོག་གསར་གློ་ཚད་བྱུང་འདུག

ཨ་རིའི་ཡུའེ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱི་བསྡོམས་རྩིས་་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས15ཉིན་གྱི་ཆུ་ཚོད16དང་སྐར་མ27གྱི་སྟེང་། ཨ་རིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་ཁྱོན་བསྡོམས11000984གཏན་འཁེལ་བྱུང་བ་དང་། རིམ་རྩིས་བྱས་ན་ནད་པ246006ཤི་བ་རེད། འདས་པའི་ཆུ་ཚོད24ཡི་རིང་ཨ་རིས་ནད་པ

中央广播电视总台 央广网 版权所有

མངའ་རིས་དང་བོད་དབུས་རྒྱུད་ཀྱི་གློག་དྲ་སྦྲེལ་མཐུད་ལས་གཞིས་ཧྥུ་སྟོང་ཚན༢༢༠ཡི་གློག་བསྒྱུར་ས་ཚིགས་ཀྱི་ས་བབ་མཐོ་ཤོས་ཀྱི་ཟིན་ཐོ་བཏོད།

སྤྱི་ཚེས ༡༦ ཉིན་མངའ་རིས་ས་ཁུལ་དང་བོད་དབུས་རྒྱུད་གློག་དྲ་སྦྲེལ་མཐུད་ལས་གཞིའི་ས་དགའ་གློག་བསྒྱུར་ས་ཚིགས་ནས་གློག་བདེ་བླག་ངང་གཏོང་ཐུབ་ཡོད་པ་དང་། དེ་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཧྥུ་སྟོང་ཚན ༢༢༠ ཡི་གློག་བསྒྱུར་ས་ཚིགས་ཡིན་པ་དང་།