ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་བསྐྱར་ལོག་དུད་ཚང་ཁྲི་1000ཙམ་དབུལ་སྒྲོལ་ཐུབ་པ།

2020-10-17 10:16:00     责编:sangjzm

● རིམ་རྩིས་བྱས་ན། ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་བསྐྱར་ལོག་དུད་ཚང་ཁྲི་1000ཙམ་དབུལ་སྒྲོལ་ཐུབ་ཡོད།

● རྒྱལ་ཡོངས་ཀྱི་རྫོང་དབུལ་པོ་832ལ་རྫོང་རེར་གཞུང་བཙུགས་སྨན་ཁང་རེ་དང་། ཤང་གྲོང་དང་སྲིད་འཛིན་གྲོང་ཚོ་རེར་འཕྲོད་བསྟེན་ཁང་རེ་ཡོད་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་2020ལོའི་བདེ་ཐང་དབུལ་སྐྱོར་གླེང་སྟེགས་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས“ནད་གཞི་ཆེ་གྲས་གཅིག་སྡུད་སྐྱོབ་བཅོས་དང་། གཅོང་ནད་གན་འཇོག་ཞབས་ཞུ་དོ་དམ། ནད་གཞི་ཚབས་ཆེན་ཐ་སྐྱོང་འགན་ལེན”བཅས་ཀྱི་རྩ་དོན་གཞིར་བཟུང་། ནད་པ་དབུལ་པོ་ཁྲི་1900ལྷག་ཙམ་རིགས་དབྱེ་སྐྱོབ་བཅོས་བྱས་ཏེ་མི་འབོར་དབུལ་པོ་འགན་ལེན་བྱེད་དགོས་རིགས་ལ་འགན་ལེན་བྱེད་པ་དང་། མིང་རྟགས་འགོད་དགོས་རིགས་ལ་མིང་རྟགས་འགོད་པ། སྨན་བཅོས་བྱེད་དགོས་རིགས་ལ་སྨན་བཅོས་བཅས་བྱས་ནས“དུས་ཐོག་ཏུ་ཤེས་རྟོགས་དང་། གནད་སྨིན་སྐྱོབ་བཅོས། འགན་ལེན་ནུས་ལྡན། རྗེས་སྙེག་སྔོན་བརྡ”བཅས་ཀྱི་ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལས་ཀའི་ལམ་སྲོལ་རགས་ཙམ་བཙུགས་ཡོད། རིམ་རྩིས་བྱས་ན། ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་བསྐྱར་ལོག་དུད་ཚང་ཁྲི་1000ཙམ་དབུལ་སྒྲོལ་ཐུབ་ཡོད།

རང་རྒྱལ་གྱིས་ས་ཁུལ་དབུལ་པོའི་རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་མཐུད་ལེགས་སུ་བཏང་སྟེ། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ཤང་དང་གྲོང་ཚོ་རིམ་པ་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་མི་སྣའི“སྟོང་ཆ”བསྐངས་པས་རྒྱལ་ཡོངས་ཀྱི་རྫོང་དབུལ་པོ་832ལ་རྫོང་རེར་གཞུང་བཙུགས་སྨན་ཁང་རེ་དང་། ཤང་གྲོང་དང་སྲིད་འཛིན་གྲོང་ཚོ་རེར་འཕྲོད་བསྟེན་ཁང་རེ་ཡོད་པ་མ་ཟད། ཚད་ལྡན་སྨན་པ་བཀོད་སྒྲིག་ཀྱང་བྱས་ཏེ་མི་འབོར་དབུལ་པོས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད། རང་རྒྱལ་གྱི་བདེ་ཐང་དབུལ་སྐྱོར་གྱིས་དབུལ་སྐྱོར་ཆེན་པོའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པ་གསུམ་པའི་སྨན་ཁང་1007ལ་རིམ་རྩིས་བྱས་ན། སྨན་དོན་མི་སྣ་མི་ཐེངས་ཁྲི་8འདེམས་གཏོང་བྱས་པ་དང་། རྫོང་དབུལ་པོ་832ཀྱི་རྫོང་སྨན་ཁང་ལ་བཅའ་སྡོད་རོགས་སྐྱོར་བྱས་པ། ས་ཁུལ་དབུལ་པོར་གྲོང་ཁྱེར་དང་རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི་ནས་བསྡོམས་མི་ཁྲི་10ཙམ་འདེམས་གཏོང་བྱས་ནས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་ལ་རོགས་སྐྱོར་བྱས་པ། གཞི་རིམ་གྱི་སྨན་དོན་མི་སྣ་ཁྲི་100ལྷག་ཙམ་གྱིས་དབུལ་སྐྱོར་གྱི་འཐབ་ས་དང་པོར་འབད་འཐབ་ཀྱིས་སྨན་བཅོས་བྱས་པ་དང་སྨན་སྐྱེལ་ནས་མི་འབོར་དབུལ་པོ་བདེ་ཐང་ཡོང་བར་བྱས་པ་རེད།

中央广播电视总台 央广网 版权所有

ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་བསྐྱར་ལོག་དུད་ཚང་ཁྲི་1000ཙམ་དབུལ་སྒྲོལ་ཐུབ་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་2020ལོའི་བདེ་ཐང་དབུལ་སྐྱོར་གླེང་སྟེགས་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས“ནད་གཞི་ཆེ་གྲས་གཅིག་སྡུད་སྐྱོབ་བཅོས་དང་། གཅོང་ནད་གན་འཇོག་ཞབས་ཞུ་དོ་དམ། ནད་གཞི་ཚབས་ཆེན་ཐ་སྐྱོང་འགན་ལེན”བཅས་ཀྱི་རྩ་དོན་གཞིར་བཟུང་། ནད་པ་དབུལ་པོ་ཁྲི་1900ལྷག་ཙམ་རིགས་དབྱེ་སྐྱོབ་བཅོས་བྱས་ཏེ་མི་འབོར་དབུལ་པོ་འགན་ལེན་བྱེད་དགོས་རིགས་ལ་འགན་ལེན་བྱེད་པ་དང་།