ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལྷ་སའི་ཁྲེང་ཀོན་ཆུས་ཀྱིས་ལས་ཞུགས་ལ་སྐུལ་འདེད་བཏང་བས་ཕན་འབྲས་བཟང་པོ་ཐོབ།

2020-10-16 00:00:00     责编:nake

  ད་ལོའི་ཚུན་དུ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོའི་ལས་གཞི་ཆེ་ཤོས་ལ་བརྩིས་ནས་སྲིད་ཇུས་དང་ཞབས་ཞུ། སྦྱོང་བརྡར་བཅས་ཀྱི་ཐད་ནས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་ད་བར་སློབ་ཆེན་སློབ་ཐོན་པ ༡༥༣༩ ལས་བཞུགས་ཐུབ་ནས། ལས་ཞུགས་ཐུབ་ཚད་བརྒྱ་ཆ ༨༡.༤༣ ཟིན་པ་དང་ཞིང་འབྲོག་པ ༥༩༦༠ གནས་འགྱུར་ལས་ཞུགས་ཐུབ་པ། ལས་ཀ་ཤོར་ཚད་བརྒྱ་ཆ ༣ ནང་ཚུད་དུ་ཚོད་འཛིན་ཐུབ་པ་བཅས་བྱུང་ཡོད།

  ལྷ་ས་གྲོང་ཁྱེར་གྱིས་ཁེ་ལས་བརྟན་པོ་དང་ལས་གནས་བརྟན་པོ། ལས་ཞུགས་བརྟན་པོ་བཅས་ཀྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ཏེ་དཔྱ་ཁྲལ་ཆག་ཡང་དང་ཁུར་པོ་ཡང་དུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་ཡོད། སྤྱི་ཟླ་དང་པོ་ནས་བརྒྱད་པའི་བར་ལས་མི་བཀོལ་སྤྱོད་བྱེད་མཁན་ཁེ་ལས་ཁེར་གཉེར་དུད་ཚང་ ༢༣༥༩ ལ་ཁང་གླ་དང་ཁྲལ་རིན། ཆུ་གློག་སོགས་ཀྱི་འགྲོ་གྲོན་སྒོར་ཁྲི ༡༣༦༠ ཆག་ཡང་དང་རྩ་ཆག་བཏང་བས་ལས་ཞུགས་བསྡུ་ལེན་བྱེད་མཁན་ཚོར་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཕོག་ཤུགས་ཆུང་དུ་བཏང་ཡོད།

  ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ད་དུང་ལས་ཞུགས་ལས་གཏོད་བྱ་དགའི་ལག་བསྟར་ཞིབ་སྲོལ་བཟོས་ནས། འདི་ལོ་ཚུན་དུ་སྔ་རྗེས་སུ་ལས་གཏོད་གཞོན་ནུ ༢༢ ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི ༡༡༠ སྤྲད་པས་ལས་ཞུགས་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་ཐུབ་ཡོད།།

中央广播电视总台 央广网 版权所有

ལྷ་སའི་ཁྲེང་ཀོན་ཆུས་ཀྱིས་ལས་ཞུགས་ལ་སྐུལ་འདེད་བཏང་བས་ཕན་འབྲས་བཟང་པོ་ཐོབ།

ད་ལོའི་ཚུན་དུ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ལལྷ་ས་གྲོང་ཁྱེར་གྱིས་ཁེ་ལས་བརྟན་པོ་དང་ལས་གནས་བརྟན་པ