ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

བོད་ལྗོངས་ཀྱིས་ས་ངན་ཁུལ་གྲོང་ཁྱེར་སྒྲོལ་ནས་གནས་སྤོས་དབུལ་སྐྱོར་ལས་དོན་ཏན་ཏིག་སྤེལ།

2020-10-16 00:00:00     责编:nake

  ཉེ་དུས། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་པ་ནོར་བུ་དོན་གྲུབ་ཀྱིས་ས་ངན་ཁུལ་གྲོང་ཁྱེར་སྒྲོལ་ནས་གནས་སྤོས་དབུལ་སྐྱོར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས་གནང་ནས། ས་ངན་ཁུལ་གྱི་གནས་སྤོས་དབུལ་སྐྱོར་ལས་ཀར་བཀོད་གཏོང་དང་གནས་མུས་ཀྱི་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱེད་པ། ས་ངན་ཁུལ་གྱི་གནས་སྤོའི་ལས་ཀར་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས། གནས་སྤོས་མང་ཚོགས་ཀྱི་སྤུས་ལེགས་གོང་འཕེལ་ནུས་པ་ཆེ་རུ་ཏན་ཏིག་བཏང་སྟེ། གནས་སྤོ་ཐུབ་པ་དང་གཞིས་ཆགས་ཐུབ་པ། ཕྱུག་འགྱུར་ཐུབ་པ་བཅས་ཀྱི་དམིགས་ཚད་སྒྲུབ་ཆེད་རིམ་ཁག་ཚན་པ་ཁག་ནས་འགག་སྒྲོལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་འགན་འཁྲི་ནན་པོ་དཀྲིས་ནས། ས་ངན་ཁུལ་གྱི་གནས་སྤོའི་ལས་དོན་ཁྲོད་ཀྱི་དཀའ་གནད་སེལ་ཏེ་ལས་དོན་ཁག་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱེད་དགོས་པ་དང་། ཡོང་འབབ་འཕར་སྣོན་བརྟན་པོ་དང་སྟོབས་ཆེའི་གཞི་རིམ་རྩ་འཛུགས་འགན་ལེན། ཆ་ལག་ཚང་བའི་སྲིད་ཇུས་དོན་འཁྱོལ། བསམ་བློའི་སློབ་གསོ་རྒྱག་པ་སོགས་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱས་ནས་ས་ངན་ཁུལ་གྱི་གནས་སྤོའི་ལས་ཀར་འགན་འཁྲི་ཏན་ཏིག་འཁུར་ཏེ། ཆོད་སེམས་བརྟན་པོ་དང་བྱ་ཐབས་ནུས་ལྡན། སྤྱོད་ཚུལ་ནན་པོ་བཅས་བརྒྱུད་ས་ངན་ཁུལ་གྱི་གནས་སྤོའི་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།།

中央广播电视总台 央广网 版权所有

བོད་ལྗོངས་ཀྱིས་ས་ངན་ཁུལ་གྲོང་ཁྱེར་སྒྲོལ་ནས་གནས་སྤོས་དབུལ་སྐྱོར་ལས་དོན་ཏན་ཏིག་སྤེལ།

ཉེ་དུས། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་པ་ནོར་བུ་དོན་གྲུབ་ཀྱིས་ས་ངན་ཁུལ་གྲོང་ཁྱེར་སྒྲོལ་ནས་གནས་སྤོས་དབུལ་སྐྱོར་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གཉིས་པ་འཚོགས་གནང་ནས།