ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྐོར་དང་པོའི་ཆེད་མཁས་པའི་ལས་སྒྲུབ་ཁང་གི་ཚན་རིག་ཞིབ་འཇུག་བསྐོར་བསྐྱོད་ས་ཚིགས་གསར་དུ་ཚུགས།

2020-10-16 10:15:37     责编:nake

   ཟླ10བའི་ཚེས12ཉིན། མཚོ་སྔོན་མི་རིགས་སློབ་ཆེན་དུ་སྐོར་དང་པོའི་ཆེད་མཁས་པའི་ལས་སྒྲུབ་ཁང་གི་ཚན་རིག་ཞིབ་འཇུག་བསྐོར་བསྐྱོད་ས་ཚིགས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།

  ཐེངས་འདིའི་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཁྱོན་བསྡོམས་ཆེད་མཁས་པའི་ལས་སྒྲུབ་ཁང་27སྒྲིག་འཛུགས་བྱས་པ་དང་། ཚན་རིག་ཞིབ་འཇུག་བསྐོར་བསྐྱོད་མཉམ་སྤྱོད་ལས་གནས20གསར་དུ་ཁ་བསྣན་ཏེ།སྲིད་འཛིན་སློབ་ཁྲིད་མཉམ་སྤྱོད་ཀྱི་ཆེད་མཁས་འཇོན་མིར་ལས་སྒྲུབ་ཁང་16བཙུགས་ལ། རིགས་སོ་སོའི་འགྲོ་གྲོན་མ་དངུལ་སྒོར་ཁྲི105.5བཏང་ཡོད། མཚོ་སྔོན་མི་རིགས་སློབ་ཆེན་གྱི་འགན་ཁུར་བས་བསྟན་དོན། སློབ་གྲྭས་ཆེད་མཁས་པའི་ལས་སྒྲུབ་ཁང་དང་། ཚན་རིག་ཞིབ་འཇུག་བསྐོར་བསྐྱོད་ཀྱི་ཞིབ་འཇུག་ས་གནས། དགེ་རྒན་འཚར་ལོངས་ཀྱི་གསོ་སྦྱོང་དང་། དགེ་རྒན་མིང་གྲགས་ཅན་གསོ་སྐྱོང་བཅས་བྱས་ནས། ཧུར་ཐག་གིས་རིམ་པ་སོ་སོའི་འཇོན་མིའི་ལས་སྐྲུན་གྱི་ཁོར་ཡུག་གསར་སྐྲུན་བྱས་ཤིང་། ལོ་ངོ་གསུམ་ནས་ལྔའི་ནང་དུ་ཆེད་མཁས་འཇོན་མིའི་ལས་སྒྲུབ་ཁང་ཡོངས་སུ་ཁེབས་པར་འབད་བརྩོན་བྱེད་པ་དང་། ན་གཞོན་འཇོན་མི་རིམ་པ་བཞིན་འཕེལ་རྒྱས་ཡོང་བར་བྱེད་རྒྱུ་ཡིན། རྒྱུད་འཛིན་དང་རོགས་རམ། སྣེ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་བྱེད་པ་དང་། ཆེད་ལས་གཞུང་ལུགས་ཤེས་བྱ་འཛོམས་པའི་མི་སྣ་དང་། ལག་རྩལ་ཁོང་དུ་ཆུད་པའི་དགེ་རྒན་དང་། ཚན་རིག་ཞིབ་འཇུག་གི་རྐང་འཛིན་པ་སྐོར་ཞིག་གསོ་སྐྱོང་དང་། འཇོན་མིའི་སྒུལ་ཤུགས་སྐུལ་སྤེལ་བཅས་བྱས་ནས། ཚན་རིག་གི་གྲུབ་འབྲས་ཕྱོགས་བསྒྱུར་བྱེད་པར་སྐུལ་འདེད་དང་། ཚན་རིག་ཞིབ་འཇུག་གསར་གཏོད་དང་ལག་རྩལ་མཐོར་འདེགས་སུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་ཅེས་བསྟན། །

  རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

中央广播电视总台 央广网 版权所有