ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་གྱི་རྒན་གསོའི་བྱ་བར་རྟོག་ཞིབ་བྱས།

2020-10-16 10:24:18     责编:nake

   ཟླ10བའི་ཚེས15ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐོར་ཞིབ་ཚན་ཆུང་13པའི་ཚན་གཙོ་རིན་ཧོང་པིན་འཁོར་དང་བཅས་པ་ཟི་ལིང་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་དང་། ཟི་ལིང་གྲོང་ཁྱེར་རྒན་པའི་བྱ་འགུལ་ལྟེ་གནས། དེ་མིན་མཁར་དཀྱིལ་ཁུལ་བདག་སྐྱོང་ཞབས་ཞུ་ལྟེ་གནས་སོགས་སུ་ཡོང་ནས་ཡུལ་དངོས་སུ་ཟི་ལིང་གྲོང་ཁྱེར་རྒན་གསོའི་དཔེ་མཚོན་སྒྲུབ་སྟངས་ལ་ཞིབ་བཤེར་བྱས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཝང་ལིས་མིན་དང་འབྲེལ་ཡོད་འགན་ཁུར་བློ་མཐུན་རྟོག་ཞིབ་ལ་འགྲོ་རོགས་བྱས།

  ཟི་ལིང་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་དུ། ཚན་གཙོ་རིན་ཧོང་པིན་འཁོར་དང་བཅས་པས་ཀྲུང་ལུགས་བདེ་སྲུང་ལྟེ་གནས་ཀྱི་ཞབས་ཞུ་བྱེད་ས་དང་། ཁམས་གསོ་བདག་སྐྱོང་ཁུལ་སོགས་ཀྱི་རྨང་གཞི་སྒྲིག་ཆས་དང་འཁོར་རྒྱུག་གནས་ཚུལ་ལ་བལྟས་ཤིང་། སྨན་བཅོས་དང་ཁམས་གསོ་གཉིས་ཟུང་འབྲེལ་གྱི་བྱ་བ་སྤེལ་བའི་གནས་ཚུལ་དང་། དེ་མིན་སྨན་བཅོས་དང་ཁམས་གསོ་ཟུང་འབྲེལ་གྱི་བྱ་བར་གནས་པའི་འབུར་ཐོན་གནད་དོན་དང་། འབྲེལ་ཡོད་སྡེ་ཁག་གིས་ཐག་གཅོད་བྱེད་དགོས་པའི་གནད་དོན་དང་སྲིད་ཇུས་ཐད་རྒྱུས་ལོན་ཞིབ་མོ་བྱས། ལྟེ་གནས་ཀྱི་ཀྲུང་ལུགས་སྨན་བཅོས་འགོག་སྲུང་གི་དགེ་མཚན་འདོན་སྤེལ་དང་། ཀྲུང་ལུགས་སྨན་བཅོས་དང་རྒན་གསོ་ཞབས་ཞུ་གཉིས་ཟུང་འབྲེལ་བྱེད་པའི་ཐད་ཁས་ལེན་གང་ལེགས་གནང་ཞིང་། སྨན་ཁང་གིས་རྒན་པའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚོ་བའི་བདག་སྐྱོང་། ཚེ་མཇུག་གི་བྱམས་བརྩེ། ནད་གསོ་སོགས་ཀྱི་ཐད་ཁྱད་ཆོས་ཡོད་པའི་དུས་མཚུངས་སུ། ཀྲུང་ལུགས་ཁམས་གསོ་ལྟེ་གནས་ཀྱིས་ཕྱིའི་སྔོན་ཐོན་ཉམས་མྱོང་དང་། སྤུས་ལེགས་ཀྱི་སྨན་བཅོས་དང་ཁམས་གསོའི་རྣམ་པ་གསར་བ་གཉིས་ཟུང་འབྲེལ་སྒོས། སྨན་བཅོས་ཁམས་གསོ་མཉམ་འདྲེེས་ཀྱི་རྣམ་པས་ཁམས་གསོ་དེ་དམངས་ཀྱི་འདོད་བློ་དང་མཐུན་ལ། སྨན་བཅོས་ལ་ཕན་ནུས་ལྡན་པར་མཉམ་འདྲེས་ཡོང་བར་བྱེད་དགོས་ཞེས་བསྟན།།

  རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

中央广播电视总台 央广网 版权所有

རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་གྱི་རྒན་གསོའི་བྱ་བར་རྟོག་ཞིབ་བྱས།

ཟླ10བའི་ཚེས15ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐོར་ཞིབ་ཚན་ཆུང་13པའི་ཚན་གཙོ་རིན་ཧོང་པིན་འཁོར་དང་བཅས་པ་ཟི་ལིང་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་དང་། ཟི་ལིང་གྲོང་ཁྱེར་རྒན་པའི་བྱ་འགུལ་ལྟེ་གནས། དེ་མིན་མཁར་དཀྱིལ་ཁུལ་བདག་སྐྱོང་ཞབས་ཞུ་ལྟེ་