ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

2020ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་བཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གྱི་མཚོ་སྔོན་ཡན་ལག་ཚོགས་རའི་བྱ་འགུལ་འགོ་བརྩམས།

2020-10-16 10:34:52     责编:nake

   ཟླ10བའི་ཚེས15ཉིན། 2020ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་བཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གྱི་མཚོ་སྔོན་ཡན་ལག་ཚོགས་རའི་བྱ་འགུལ་དེ་ཟི་ལིང་དུ་པེ་ཅིན་གྱི་ཚོགས་ར་གཙོ་བོ་དང་མཉམ་དུ་འགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

  འགོ་རྩོམ་མཛད་སྒོའི་སྔོན་དུ། ཞིན་ཁྲང་ཞིང་གིས་མཚོ་སྔོན་གྱི་དམངས་ཀྱིས་བྱ་བཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཐོན་རྫས་གསར་བའི་འགྲེམ་སྟོན་དང་། གསར་གཏོད་གསར་སྐྲུན་འཇོན་མིའི་བསྡུ་ལེན་ཆེེད་ཚོགས་ལ་སྐོར་ཞིབ་བྱས། ཁོས་བསྟན་དོན། དམངས་ཀྱིས་བྱ་བཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས། དེ་མིན་ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་རིམ་འཕར་ལ་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོོད་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། དུས་རབས་གསར་བ་དང་གནས་བབ་གསར་བ། ལས་འགན་གསར་བར་རྐང་བཙུགས་ཏེ། ལས་སྐྲུན་གསར་གཏོད་ཀྱི་འཕེལ་རྒྱས་དང་ཕན་འབྲས་མངོན་ནས། ལས་ཞུགས་དང་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ལས་སྐྲུན་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས། དེ་མིན་ཚོང་རའི་གཙོ་གཞི་དང་། ལས་ཞུགས་ལས་རྐང་གཏན་འཇགས་རྒྱུན་འཁྱོངས་བྱས་ཏེ། ལས་སྐྲུན་གསར་གཏོད་དང་ཁེ་ལས་ལ་རྒྱབ་སྐྱོར་བྱས་ནས། ཐོན་ལས་གསར་བ་དང་རྣམ་པ་གསར་བ། རྒྱུན་རྣམ་གསར་བར་སྐུལ་འདེད་བཏང་སྟེ། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀྱི་འཁོར་རྒྱུག་གི་འཕེལ་རྒྱས་གསར་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན། །

  རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

中央广播电视总台 央广网 版权所有

2020ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་བཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གྱི་མཚོ་སྔོན་ཡན་ལག་ཚོགས་རའི་བྱ་འགུལ་འགོ་བརྩམས།

ཟླ10བའི་ཚེས15ཉིན། 2020ལོའི་རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་བཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་བྱ་འགུལ་གྱི་མཚོ་སྔོན་ཡན་ལག་ཚོགས་རའི་བྱ་འགུལ་དེ་ཟི་ལིང་དུ་པེ་ཅིན་གྱི་ཚོགས་ར་གཙོ་བོ་དང་མཉམ་དུ་འགོ་བརྩམས། ཞིང་ཆེན་ཏང་