ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

4Gབརྡ་རྟགས་ཁུ་ནུའི་གཡུ་འབྲུག་ལྷ་རྩེའི་ཡང་རྩེར་བསྐྱོད་པ།

2020-10-16 11:18:28     责编:nake

   ཟླ1པའི་ཚེས7ཉིན། ནན་ཅིང་གྲོང་ཁྱེར་གྱི་རི་འཛེག་ལ་དགའ་བའི་སྐུ་ཞབས་ཝང་ལགས་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱི་ཁུ་ནུ་རི་བོའི་གཡུ་འབྲུག་ལྷ་རྩེའི་ཡང་རྩེར་བདེ་བླག་ངང་འཛེགས་པ་དང་འབྲེལ། ཡུལ་དངོས་སུ་བརྙན་པར་བརྒྱབ་ནས་རང་ཉིད་ཀྱི་གྲོགས་ཚོམས་སྟེང་ཡང་རྩེར་འཛེགས་པའི་ཡི་གེ་བྲིས་ནས་དྲན་རྟེན་བཞག གྲོགས་པོའི་ཚོམས་སུ་བསྐུར་བ་དེས། འཛམ་གླིང་སྐྱེ་བོ་ཀུན་གྱིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི6178ཡོད་པའི་ཁུ་ནུའི་གཡུ་འབྲུག་ལྷ་རྩེའི་ཡང་རྩེ་རུ4Gདྲ་རྒྱའི་བརྡ་རྟགས་བརྟན་འཇགས་ཡིན་པ་ཤེས་སུ་བཅུག་པ་དང་ཆབས་ཅིག རང་རྒྱལ་གྱི་རྨང་གཞིའི་འཛུགས་སྐྲུན་གསར་པའི་གོམ་སྟབས་སླར་ཡང་རི་བོ་མཐོན་པོའི་ཡང་རྩེར་སླེབས་པ་མཚོན་ཡོད།

  2009ལོར་གཡུ་འབྲུག་ལྷ་རྩེ་རྒྱལ་ཁབ་རི་འཛེག་སྦྱོང་བརྡར་རྟེན་གཞིའི་རྣམ་གྲངས་ལ་ཆོག་མཆན་ཐོབ་རྗེས་གཡུ་འབྲུག་ལྷ་རྩེ་ཡིས་ལོ་རེར་རི་འཛེག་ལ་དགའ་མཁན་མང་པོའི་ཡིད་དབང་བཀུག་ཡོད། ཡངས་ཤིང་རྒྱ་ཆེ་བའི་ཨ་ཆེན་གངས་རྒྱབ་བྱང་ཤར་གྱི་མཐའ་མཚམས་སུ་གནས་པའི་དབང་གིས། ས་ཁམས་ཁོར་ཡུག་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་། གལ་ཏེ་ལམ་ཐིག་ནོར་བའམ་ཡང་ན་ཉེན་ཁར་འཕྲད་ཚེ་འཕྲིན་གཏོང་དེ་འགག་རྩའི་དུས་སྐབས་ཀྱི་སྲོག་རྩ་ལྟ་བུར་གྱུར་ཡོད། དེ་དང་ཆབས་ཅིག་གཡུ་འབྲུག་ལྷ་རྩེ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཀྱི་ཞིབ་དཔྱད་ཚད་ལེན་ས་ཚིགས་གལ་ཆེན་ཞིག་ཡིན། སྤུས་ཚད་མཐོ་བའི་འཕྲིན་གཏོང་བརྡ་རྟགས་མཁོ་འདོན་བྱེད་པ་ནི་ཕྱོགས་སོ་སོའི་ལས་ཀའི་རྨང་གཞིའི་འགན་ལེན་ཡིན། 2015ལོར། མཚོ་སྔོན་སྤོ་འགུལ་དང་དེ་བཞིན་འཕྲིན་གཏོང་བཟོ་སྐྲུན་ཚོང་པའི་ལས་གཞིའི་མི་སྣས་དྲོད་ཚད་དམའ་བའི་འོག་རྒྱུ་ཆ་སྐྱེལ་འདྲེན་དང་། རྟེན་གཞིའི་གློག་འདོན། སྒྲིག་ཆས་འཁོར་སྐྱོད་དང་སྲུང་སྐྱོང་སོགས་ཕྱོགས་མང་པོའི་ཐད་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་གཡུ་འབྲུག་ལྷ་རྩེའི་ལྷོ་ངོས་སུ་འཕྲིན་གཏོང་སྦྲེལ་ཚུགས་བསྐྲུན། ཆེས་མཐོ་ཤོས་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5050ཡོད་པའི་སར་ཡོད་པ་དང་། 2016ལོར་ས་ཁོངས་དེར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱང་ཁྲིད་བརྙན་ལམ་ལྟ་ཞིབ་ཚད་ལེན་གྱི་འཕྲིན་གཏོང་ཞབས་ཞུ་སླར་ཡང་མང་དུ་བཏང་ཡོད། ད་ལོར་མཚོ་སྔོན་གྱི་སྤོ་འགུལ་སྒྲིག་ཆས་རིམ་སྤོར་བྱེད་ཤུགས་ཆེ་རུ་བཏང་ནས་བརྡ་རྟགས་དེ་བས་བརྟན་ལ་ཐོགས་པ་མེད། མཚོ་སྔོན་གྱི“སྐྱེ་ཁམས་སྐར་ཁུང”གི་བརྙན་ཤེལ་ཆེན་པོའི་རྒྱབ་ཏུ་ཁོང་ཚོའི་བརྟན་སྲུང་དང་འགན་ལེན་དེ་བས་མང་པོ་ཡོད་པ་རེད། །

  རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

中央广播电视总台 央广网 版权所有

4Gབརྡ་རྟགས་ཁུ་ནུའི་གཡུ་འབྲུག་ལྷ་རྩེའི་ཡང་རྩེར་བསྐྱོད་པ།

ཟླ1པའི་ཚེས7ཉིན། ནན་ཅིང་གྲོང་ཁྱེར་གྱི་རི་འཛེག་ལ་དགའ་བའི་སྐུ་ཞབས་ཝང་ལགས་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གྱི་ཁུ་ནུ་རི་བོའི་གཡུ་འབྲུག་ལྷ་རྩེའི་ཡང་རྩེར་བདེ་བླག་ངང་འཛེགས་པ་དང་འབྲེལ། ཡུལ་དངོས་སུ་བརྙན་པར་བརྒྱབ་ནས་རང་ཉིད་ཀྱི་གྲོགས་ཚོམས་སྟེང་