ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཐེན་ཅིན་གྱི་སྡེ་ཚན་མང་པོས་ནུས་ཤུགས་མཉམ་འདོན་གྱིས་ལས་ཞུགས་བརྟན་པོ་ཡོང་བའི་དུས་བབ་འགན་ལེན་དང་ཐབས་ལམ་མང་པོ་བརྒྱུད་རོགས་སྐྱོར་བྱས་ཏེ་བབ་བསྟུན་ལས་ཞུགས་སྔར་བས་སྟབས་བདེ་ཡོང་བར་བྱས་པ།

2020-09-16 09:38:00     责编:sangjzm

འདི་ག་ཚགས་པར་ཁང་དུ་ཐེན་ཅིན་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཐེན་ཅིན་གྲོང་ཁྱེར་ལས་ཞུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར། རང་ཉིད་ཀྱིས་ལས་ཀ་འཚོལ་བ་དང་རང་བརྟེན་ལས་གཏོད་ལ་སྐུལ་ལྕག་བྱས་ཏེ་ངལ་རྩོལ་པའི་ལས་གཏོད་ཀྱི་གསོན་ཤུགས་དང་གསར་གཏོད་ཀྱི་མི་མངོན་པའི་ནུས་པ་འཕེལ་བར་བྱེད་པ་དང་། བབ་བསྟུན་གྱི་ལས་ཞུགས་གོ་སྐབས་དེ་བས་མང་བ་གཏོད་ཆེད། ཐེན་ཅིན་གྲོང་ཁྱེར་གྱིས་ཉིན་ཤས་གོང《ཐབས་ལམ་མང་བའི་བབ་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཀྱི་ལས་བགོས་བསམ་འཆར》བཀྲམ་སྟེ་ཐེན་ཅིན་གྲོང་ཁྱེར་མི་སྤྱི་ཅུས་དང་། གྲོང་ཁྱེར་ནོར་སྲིད་ཅུས། གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་མང་པོས་བབ་བསྟུན་ལས་ཞུགས་འཕེལ་རྒྱས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། རང་བརྟེན་ལས་གཏོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། བབ་བསྟུན་ལས་ཞུགས་ལ་འགན་ལེན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ལ་མཛུབ་ཁྲིད་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་ཞུགས་དུས་བབ་བརྟན་པོ་ཡོང་བ་བྱས་པ་རེད།

བྱེད་ཐབས་ཁྲོད་དམིགས་བསལ་བཏོན་དོན། སླད་ཕྱིན་ཐེན་ཅིན་གྲོང་ཁྱེར་གྱིས་སྒེར་གཉེར་གཉེར་སྐྱོང་དངོས་ཚན་འཛུགས་པ་དང་། ལས་གཏོད་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ། ཉིན་གང་ལམ་ལུགས་མིན་པའི་ལས་ཞུགས་གོ་སྐབས་མང་དུ་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་ལས་སྟེགས་དཔལ་འབྱོར་སོགས་ལས་རྣམ་གསར་པ་འཕེལ་རྒྱས་ལ་རྒྱབ་སྐྱོར། ལས་རྣམ་གསར་པར་བསྟུན་མཁས་དང་གཟབ་ནན་ངང་ལྟ་འདོམས། བབ་བསྟུན་ལས་ཞུགས་ཀྱི་སྤྱི་ཚོགས་འགན་བཅོལ་ཁ་གསབ་དོན་འཁྱོལ་སོགས་དམིགས་ས་དྲུག་ནས་ཤུགས་བརྒྱབ་སྟེ་བབ་བསྟུན་ལས་ཞུགས་ཀྱི་འཕེལ་རྒྱས་ཐབས་ལམ་སྔར་བར་རྒྱ་ཆེར་གཏོང་རྒྱུ་རེད།

རང་བརྟེན་ལས་གཏོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་ཐེན་ཅིན་གྲོང་ཁྱེར་གྱིས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་དུ་བཏང་ནས་སྲིད་གཞུང་གིས་དམིགས་བཙུགས་ཁུལ་དང་དུས་ཚོད་ནང་ཞིང་ཞོར་ཐོན་ཟོག་དང་རྒྱུན་གཏན་འཚོ་བའི་མཁོ་ཆས་ཕྱིར་ཚོང་བྱེད་པའམ་ཡང་ན་མི་སྒེར་གྱི་རྩལ་ནུས་ལ་བརྟེན་ནས་ཁྲིམས་ལྟར་ཆོག་འཐུས་མི་དགོས་པའི་དམངས་བདེའི་ངལ་ནུས་བྱེད་སྒོ་སྤེལ་ཚེ་ལས་གཉེར་ལག་ཁྱེར་གཉེར་མི་དགོས་པ་དང་། བབ་བསྟུན་ལས་ཞུགས་ཀྱི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་དངུལ་མི་དགོས་པ། ཆོག་མཆན་ཐོབ་པ་བརྒྱུད་ལམ་བཟུང་ནས་གཉེར་སྐྱོང་བྱེད་པར་གྲོང་ཁྱེར་གྱི་འགྲོ་ལམ་བཟུང་བའི་གྲོན་དངུལ་མི་བསྡུ་བ། མ་གནས་དམའ་བའི་ས་ཆ་མཁོ་འདོན་ལ་རྒྱབ་སྐྱོར་བྱས་ཏེ་ཆ་རྐྱེན་ཡོད་པའི་སྡེ་ཁུལ་གྱིས་བེད་མེད་བར་མཐོངས་རིན་མེད་གཉེར་སྐྱོང་ས་ཆར་བསྒྱུར་བཀོད་བྱས་ཏེ་ལས་བྲལ་ལས་ཤོར་མི་སྣ་དང་། མཐོ་སློབ་སློབ་ཐོན་སློབ་མ། ཞིང་པ་ལས་མི། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་བཅས་ལ་སྔོན་ལ་མཁོ་འདོན་བྱ་རྒྱུའི་བསྔགས་སྐུལ་བྱས་པ་བཅས་རེད།

འཛམ་གླིང་སྐར་ཁུངས།

ཅན་དབྱི་ཝེ་འཇར་པན་རང་དབང་དམངས་གཙོ་ཏང་གི་འགོ་འཛིན་ལ་བདམས་ཐོན་བྱུང་བ།

ད་ཐེངས་ཀྱི་འདེམས་བསྐོ་ནི་རང་དབང་དམངས་གཙོ་ཏང་གི་རྒྱལ་ཚོགས་ཀྱི་གྲོས་མིས་འདེམས་ཤོག་འཕེན་པ་དང་ས་གནས་ཀྲི་པུའུ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིས་འདེམས་ཤོག་འཕངས་ནས་གྲུབ་པའི“ཁང་གཉིས་ཀྱི་གྲོས་མིའི་སྤྱི་ཁྱབ་ཚོགས་པའི”བྱ་ཐབས་སྤྱད་དེ་འདེམས་ཤོག་འཕངས་པ་རེད། འདེམས་ཤོག་ཁྱོན་བསྡོམས་535ཡོད། དེའི་ཁྲོད་དུ་རྒྱལ་ཚོགས་གྲོས་མིའི་འདེམས་ཤོག་394ཡོད་པ་དང་། ས་གནས་ཀྱི་འདེམས་ཤོག་141ཡོད། འདེམས་བསྐོའི་གྲུབ་འབྲས་ལས་མངོན་གསལ། ཉིན་

中央广播电视总台 央广网 版权所有

ཐེན་ཅིན་གྱི་སྡེ་ཚན་མང་པོས་ནུས་ཤུགས་མཉམ་འདོན་གྱིས་ལས་ཞུགས་བརྟན་པོ་ཡོང་བའི་དུས་བབ་འགན་ལེན་དང་ཐབས་ལམ་མང་པོ་བརྒྱུད་རོགས་སྐྱོར་བྱས་ཏེ་བབ་བསྟུན་ལས་ཞུགས་སྔར་བས་སྟབས་བདེ་ཡོང་བར་བྱས་པ།

འདི་ག་ཚགས་པར་ཁང་དུ་ཐེན་ཅིན་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཐེན་ཅིན་གྲོང་ཁྱེར་ལས་ཞུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར། རང་ཉིད་ཀྱིས་ལས་ཀ་འཚོལ་བ་དང་རང་བརྟེན་ལས་གཏོད་ལ་སྐུལ་ལྕག་བྱས་ཏེ་ངལ་རྩོལ་པའི་ལས་གཏོད་ཀྱི་གསོན་ཤུགས་དང་གསར་གཏོད་ཀྱི་མི་མངོན་པའི་ནུས་པ་འཕེལ་བར་བྱེད་པ་དང་། བབ་བསྟུན་གྱི་ལས་ཞུགས་གོ་སྐབས་དེ་བས་མང་བ་གཏོད་ཆེད། ཐེན་ཅིན་གྲོང་ཁྱེར་གྱིས་ཉིན་ཤས་གོང