ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཡུན་ནན་རུའེ་ལི་གྲོང་ཁྱེར་དུ་མངའ་ཁོངས་ཕྱི་ནས་འགོས་པའི་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ཐོན་པའི་ནད་པ་གཉིས་གཏན་ཁེལ་བྱུང་བའི་ཁྱབ་བསྒྲགས་བྱས་པ།

2020-09-15 15:20:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་9པའི་ཚེས་14ཉིན་ཡུན་ནན་ཞིང་ཆེན་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་ཡུན་ནན་རུའེ་ལི་གྲོང་ཁྱེར་དུ་མངའ་ཁོངས་ཕྱི་ནས་འགོས་པའི་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ཐོན་པའི་ནད་པ་གཉིས་གཏན་ཁེལ་བྱུང་བའི་ཁྱབ་བསྒྲགས་བྱས་པ་རེད། རུའེ་ལི་གྲོང་ཁྱེར་གྱིས་སྤྱི་ཚེས་14ཉིན་གྱི་དགོང་མོར་བཏང་བའི་བརྡ་ཁྱབ་ལ་གཞིགས་ན། རྒྱལ་ཁོངས་འབར་མ་ནས་ཡིན་ཞིང་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པའི་ཡང་ཙུའོ་ཆེ་གེ་མོ་དང་པའོ་མུའུ་དབྱི་ཆེ་གེ་མོ་གཉིས་སྤྱི་ཟླ་9པའི་ཚེས་3ཉིན་རྒྱལ་ནང་དུ་ལྐོག་འཛུལ་བྱས་པ་རེད། སྤྱི་ཚེས་14ཉིན་གྱི་ཆུ་ཚོད་16བར། གྲོང་ཁྱེར་ཡོངས་སུ་ཁྱོན་འབྲེལ་གཏུགས་དམ་ཟབ་ཡོད་པའི་མི་190ཚང་མ་ལོག་དབྱེ་བྱས་པ་མ་ཟད་མ་དཔེ་བླངས་ཡོད་པ་དང་། དེའི་ནང་གི་མི་98ལ་ཞིབ་དཔྱད་བྱས་ཟིན་པ་དང་ཚང་མ་སྲིབས་གཤིས་ཡིན་པ་དང་། དེ་མིན་ལྷག་མ་རྣམས་ལ་དུས་ཚོད་དམ་འཛིན་གྱིས་ཞིབ་དཔྱད་བྱེད་མུས་ཡིན་པ་རེད། མི་དེ་གཉིས་ཀྱི་གནས་སྐབས་སྡོད་སའི་སྡེ་ཁུལ་བཀག་སྡོམ་དོ་དམ་བྱས་ཟིན་ཁར། གྲོང་མི་ཡོངས་ཀྱི་མ་དཔེ་བཤེར་ལེན་བྱེད་བཞིན་ཡོད་པ་རེད། གོམས་སྟབས་རྗེས་མར་གྲོང་ཁྱེར་ཡོངས་སུ་རིན་མེད་ཐོག་ཉིང་སྐྱུར་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད། སྤྱི་ཚེས་14ཉིན་གྱི་དགོང་མོའི་ཆུ་ཚོད་10པའི་རྗེས་སུ་གཟའ་འཁོར་གཅིག་རིང་གནས་སྐབས་བཀག་སྡོམ་བྱེད་རྒྱུ་དང་། དམིགས་བསལ་གྱི་གནས་ཚུལ་མེད་ཚེ་རུའེ་ལི་གྲོང་ཁུལ་ནས་ཕྱིར་ཐོན་ནང་འཛུལ་བྱེད་ཆོག་གི་མེད་པ་རེད། གྲོང་ཁྱེར་ཡོངས་ཀྱི་གྲོང་མི་ཁྱིམ་དུ་བསྡད་དེ་ལོག་དབྱེ་བྱེད་དགོས་ཀྱི་ཡོད་པ་རེད།

མིག་སྔར། སྤྱི་བདེ་ལས་ཁུངས་ཀྱིས་ཡང་ཙུའོ་ཆེ་མོ་སོགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་བཞིན་པ་དང་། རྒྱལ་ནང་དུ་ལྐོག་འཛུལ་བྱེད་པར་སྒྲིག་འཛུགས་དང་རོགས་རམ། ཉར་འཇོག་བྱེད་མཁན་བཅས་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ཡུན་ནན་རུའེ་ལི་གྲོང་ཁྱེར་དུ་མངའ་ཁོངས་ཕྱི་ནས་འགོས་པའི་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ཐོན་པའི་ནད་པ་གཉིས་གཏན་ཁེལ་བྱུང་བའི་ཁྱབ་བསྒྲགས་བྱས་པ།

སྤྱི་ཟླ་9པའི་ཚེས་14ཉིན་ཡུན་ནན་ཞིང་ཆེན་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་ཡུན་ནན་རུའེ་ལི་གྲོང་ཁྱེར་དུ་མངའ་ཁོངས་ཕྱི་ནས་འགོས་པའི་ཏོག་གསར་གློ་ཚད་ཀྱི་ནད་རྟགས་ཐོན་པའི་ནད་པ་གཉིས་གཏན་ཁེལ་བྱུང་བའི་ཁྱབ་བསྒྲགས་བྱས་པ་རེད། རུའེ་ལི་གྲོང་ཁྱེར་གྱིས་སྤྱི་ཚེས་14ཉིན་གྱི་དགོང་མོར་བཏང་བའི་བརྡ་ཁྱབ་ལ་གཞིགས་ན། རྒྱལ་ཁོངས་འབར་མ་ནས་ཡིན་ཞིང་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པའི་ཡང་ཙུའོ་ཆེ་གེ་མོ་དང་པའོ་མུའུ་དབྱི་ཆེ་གེ་མོ་གཉིས་སྤྱི་ཟླ་9པའི་