ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས། དཔའ་ངར་ཆེར་སྐྱེད་ངང་མདུན་སྐྱོད་བྱེད་མཁན་ཚོར་གུས་འདུད་ཞུ། རིམས་འགོག་བརྗོད་བྱ་གཙོ་བོར་བྱས་པའི་བརྙན་འཕྲིན་མུ་སྦྲེལ་འཁྲབ་ཚན་དཔའ་ངར་ཆེ་སྐྱེད་ངང་མདུན་སྐྱོད་བྱེད་མཁན་ཞེས་པ་བསྟན་གྲབས་ཡོད་པ།

2020-09-14 16:10:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས། དཔའ་ངར་ཆེར་སྐྱེད་ངང་མདུན་སྐྱོད་བྱེད་མཁན་རྣམས་ལ་གུས་འདུད་ཞུ་རྒྱུ་ཡིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་བཏོན་པ་དང་། སྤྱི་ཁྱབ་ལས་ཁུངས་ཀྱི་གློག་བརྙན་བརྙན་འཕྲིན་འཁྲབ་ཚན་གྱི་དངོས་མཚོན་གློག་བརྙན་ལྟེ་གནས་དང་། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་སྤྱི་ཁྱབ་ཀུང་སི། དེ་བཞིན་ཀྲུང་གོ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ལེ་ཚན་ཉོ་ཚོང་ལྟེ་གནས་བཅས་ཀྱིས་སྒྲིག་བཟོ་བྱས་པའི་རིམས་ནད་འགོག་བཅོས་ཀྱི་བརྗོད་བྱ་གཙོ་བོའི་བརྙན་འཕྲིན་མུ་འབྲེལ་འཁྲབ་ཚན་དཔའ་ངར་ཆེར་སྐྱེད་ངང་མདུན་སྐྱོད་བྱེད་མཁན་ཞེས་པ་དེ་སྤྱི་ཟླ་9ཚེས་17ཉིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་གྱི་དུས་ཚོད་ཡག་ཤོས་ཐོག་བསྟེན་རྒྱུ་ཡིན་པ་རེད། སྤྱི་ཟླ་9ཚེས་14ཉིན། འཁྲབ་ཚན་དེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་འཛིན། དཔའ་ངར་ཆེར་སྐྱེད་ངང་མདུན་སྐྱོད་བྱེད་མཁན་ཞེས་པའི་འཁྲབ་ཚན་སྟོན་མཁན་ཧྲེན་ཧའེ་ཞུང་གྲོས་ཚོགས་ལ་ཕེབས་པ་མ་ཟད་འཁྲབ་ཚན་ཐོག་མར་བསྟན་པའི་ཡོལ་བ་ཕྱེ་ཡོད།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཏོན་པའི་རིམས་ནད་འགོག་བཅོས་ཀྱི་བརྗོད་བྱ་གཙོ་བོའི་བརྙན་འཕྲིན་མུ་འབྲེལ་འཁྲབ་ཚན་ཐོག་མ་ཡིན་པའི་ངོས་ནས། དཔའ་ངར་ཆེར་སྐྱེད་ངང་མདུན་སྐྱོད་བྱེད་མཁན་ཞེས་པའི་འཁྲབ་ཚན་ནང་། དོན་དག་ཆུང་བ་དང་། མི་སྣ་ཕལ་བ། བརྩེ་སེམས་ཟབ་པ། བརྗོད་བྱ་ཆེ་བ་བཅས་ཀྱི་གསར་རྩོམ་རིག་ལམ་དང་། བཅོས་མིན་དང་། གསོན་ཉམས་ལྡན་པ། དྲོ་སྐྱིད་ཀྱི་ཕྱུག་པ་བཅས་ཀྱི་དངོས་ཡོད་རིང་ལུགས་ཀྱི་གསར་རྩོམ་རྩ་བའི་དགོངས་གཞིར་བྱས་ཏེ། ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་མཚོན་པ་དང་། བརྙན་འཕྲིན་འཁྲབ་ཚན་གྱི་སྒྱུ་རྩལ་རྣམ་པའི་ཐོག་ནས་ཚེ་སྲོག་རྩ་བའི་རྩེ་ལ་འཛིན་པ་དང་། རྒྱལ་ཡོངས་བློ་ཁ་གཅིག་མཐུན། རང་སྲོག་བློས་གཏོང་ཕོད་པ། ཚན་རིག་ལ་བརྩི་འཇོག ལས་དབང་མཉམ་གནས་བཅས་ཀྱི་རིམས་འགོག་སྙིང་སྟོབས་རླབས་པོ་ཆེ་གསོན་ཉམས་དོད་པོའི་ངང་ནས་མཚོན་པར་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག མཚམས་གཅོད།
ཡིག་སྒྱུར། ཟླ་བ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས། དཔའ་ངར་ཆེར་སྐྱེད་ངང་མདུན་སྐྱོད་བྱེད་མཁན་ཚོར་གུས་འདུད་ཞུ། རིམས་འགོག་བརྗོད་བྱ་གཙོ་བོར་བྱས་པའི་བརྙན་འཕྲིན་མུ་སྦྲེལ་འཁྲབ་ཚན་དཔའ་ངར་ཆེ་སྐྱེད་ངང་མདུན་སྐྱོད་བྱེད་མཁན་ཞེས་པ་བསྟན་གྲབས་ཡོད་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས། དཔའ་ངར་ཆེར་སྐྱེད་ངང་མདུན་སྐྱོད་བྱེད་མཁན་རྣམས་ལ་གུས་འདུད་ཞུ་རྒྱུ་ཡིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་བཏོན་པ་དང་། སྤྱི་ཁྱབ་ལས་ཁུངས་ཀྱི་གློག་བརྙན་བརྙན་འཕྲིན་འཁྲབ་ཚན་གྱི་དངོས་མཚོན་གློག་བརྙན་ལྟེ་གནས་དང་། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་སྤྱི་ཁྱབ་ཀུང་སི། དེ་བཞིན་ཀྲུང་གོ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ལེ་ཚན་