ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་འབྱུང་ཁམས་སྲུང་སྐྱོབ་དང་དབུལ་སྒྲོལ་འགག་གཏོར་གཉིས་ཟུང་འབྲེལ་གྱིས་རྩ་ཐང་ཐོག་གི་འབྲོག་པ་དང་འབྱུང་ཁམས་སྲུང་སྐྱོབ་མཁན་དུ་འགྱུར་རྒྱུ་རེད།

2020-09-14 15:32:00     责编:sangjzm

གཙང་གསུམ་ཆུ་མགོའི་ལྟེ་བའི་ཁུལ་དུ་གནས་པའི་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་གནད་དྲུག་གཞི་གཅིག་གི་གཞི་རིམ་སྤྱི་ཚོགས་བཅོས་སྒྲིག་བྱེད་པའི་མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་མ་དཔེ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་འབྱུང་ཁམས་སྲུང་སྐྱོབ་དང་དབུལ་སྒྲོལ་འགག་གཏོར་ཟུང་འབྲེལ་ནུས་ལྡན་བྱ་རྒྱ་ཡིན་པ་དང་། རྩ་ཐང་ཐོག་གི་འབྲོག་པ་འབྱུང་ཁམས་སྲུང་སྐྱོབ་མཁན་དུ་འགྱུར་བ་བྱས་ནས་ས་གནས་དེ་གའི་མང་ཚོགས་ལ་སྔོ་ལྗང་རི་ཆུ་སྲུང་སྐྱོབ་ཐུབ་པས་མ་ཚད་ཁོང་ཚོ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་སྤོ་ཐུབ་པ་བྱུང་ཡོད། དེ་རིང་རྨ་ཆུའི་མགོ་ཁུངས་སྲུང་སྐྱོབ་ཀྱིས། བདེ་སྐྱིད་ལྡན་པའི་གྲོང་ཚོར་སྐྱོད་ཅེས་པ་ཞུ་རྒྱུ།

པ་ཡན་ཁ་ལ་རི་བོའི་བྱང་ངོས་དང་། ཨ་མྱེས་རྨ་ཆེན་གྱི་ནུབ་ངོས་ནས་རྨ་ཆུ་ཐོན་བཞིན་ཡོད། སྔ་དྲོའི་ཆུ་ཚོད་7པའི་ཐོག་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ད་དུང་ཉི་མ་ཤར་མེད། སྦག་སྦག་གི་སྐད་སྒྲས་ཞོགས་པའི་ལྷིང་འཇགས་དཀྲོག་པ་དང་། སྐོར་སྲུང་རུ་ཁག་གི་ལས་གོས་གྱོན་ཞིང་། དཔུང་རྟགས་དམར་པོ་དཀྲིས་པའི་འབྱུང་ཁམས་སྲུང་སྐྱོབ་མཁན་བཀྲ་ཤིས་ཀྱི་ཉིན་གཅིག་གི་སྐོར་སྲུང་དོ་དམ་དང་སྲུང་སྐྱོབ་ལས་ཀ་དངོས་སུ་འགོ་ཚུགས་ཡོད། བཀྲ་ཤིས་ཀྱིས། ཕྱོགས་གཅིག་ནས་འབྲོག་ཁུལ་ནས་གད་སྙིགས་སྒྲུག་པ་དང་། ཕྱོགས་གཞན་ཞིག་ནས་ཆུ་དང་བྱ་བྱེའུ། སྲོག་ཆགས་སོགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

རྨ་སྟོད་ཀྱི་ཆ་སྙོམ་མཚོ་འཕགས་སྨི་4500ཡན་ཟིན་པ་དང་། དེའི་ཁུལ་དུ་ཆུ་བོ་མང་ཞིང་མཚོ་དང་མཚེའུ་སྐར་ཚོགས་བཀྲམ་པ་བཞིན་ཡོད། འོན་ཀྱང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུར། འབྱུང་ཁམས་ཁོར་ཡུག་གནད་དོན་གྱིས་མཚོ་མོ་སྟོང་དང་ལྡན་པའི་རྫོང་དེར་ཤུགས་རྐྱེན་ཆེན་པོ་ཐེབས་པ་མ་ཟད་རྩ་ར་ཞན་འགྱུར་བྱས་པ་དེས་ཀྱང་འབྲོག་པ་མང་ཚོགས་ཚོར་དཀའ་གནད་མང་པོ་བཟོས་ཡོད། སྤྱི་ལོ་2016ལོར། རང་རྒྱལ་གྱི་སྒྲིག་གཞིའི་ཚོད་ལྟའི་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མ་སྟེ་གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་བཙུགས་པ་དང་། འབྲོག་པ་ཁག་ཅིག་གིས་ཕྱུག་རྫི་བྱེད་མཚམས་བཞག་ནས་འབྱུང་ཁམས་དོ་དམ་དང་སྲུང་སྐྱོབ་བྱེད་མཁན་ཞིག་བྱས་ཡོད། གཙང་གསུམ་ཆུ་མགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་གླིང་ཁུལ་དོ་དམ་ཨུ་ལྷན་འབྱུང་ཁམས་སྲུང་སྐྱོབ་ས་ཚིགས་ཀྱི་རུ་དཔོན་གཞོན་པ་ཧན་ཁྲང་ཕོང་གིས། སྤྱི་ལོ་2010ལོ་དང་2011ལོར་རྩ་སའི་བྱ་དགའ་དང་ཁ་གསབ་སྤྲད་རྗེས་ང་ཚོས་དེ་གར་འབྱུང་ཁམས་སྲུང་སྐྱོབ་མི་སྣ་བཀོད་སྒྲིག་བྱས་ཡོད། སྤྱི་ལོ་2016ལོ་དང་2017ལོར་སླང་ཡར་དོ་དམ་སྲུང་སྐྱོབ་པ་ཁག་ཅིག་བཀོད་སྒྲིག་བྱས་ཡོད། ལྷག་པར་དུ་ང་ཚོས་དོ་དམ་སྲུང་སྐྱོབ་པའི་ལས་གནས་དེར་ཡིག་ཚགས་དང་གཱ་ཤོག་བཟོས་པའི་དབུལ་ཕོངས་དུད་ཁྱིམ་སྔོན་ལ་བཀོད་སྒྲིག་བྱེད་ཀྱི་ཡོད། ཁོང་ཚོའི་གླ་ཆའི་ཚད་གཞི་ནི་ཟླ་རེར་སྒོར་1800རེད་ཅེས་གསུངས་ཡོད།

སྤྱི་ལོ་2016ལོ་ནས་བཟུང་། རྨ་སྟོད་རྫོང་ཁོངས་ཀྱི་གྲོང་ཚོ་སུམ་ཅུའི་ཡིག་ཚགས་དང་གཱ་ཤོག་བཟོས་པའི་དབུལ་ཕོངས་དུད་ཁྱིམ་1541ཚང་མ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་ཡོད། སྤྱི་ལོ་2018ལོར། བཀྲ་ཤིས་ཚང་གི་ནང་མི་དྲུག་རྫོང་གྲོང་འགྲམ་གྱི་དགའ་ལྡན་གྲོང་ཚོའི་ཁང་པ་གསར་པར་སྤོས་ཡོད། བཀྲ་ཤིས་ཀྱིས་ང་ཚོའི་ནང་ལ་སྨི་ངོས་གྲུ་96ཙམ་ཡོད་པ་དང་། ཁང་མིག་བཞི་ཡོད། ད་དུང་ནང་ཆས་ཚང་མ་ཡོད་པས་དངོས་གནས་སྐྱིད་པོ་འདུག་ཅེས་གསུངས་ཡོད།

དུས་ཀྱི་འགྱུར་བར་བརྟེན་ནས། རྨ་སྟོད་ཀྱི་ཡུལ་ལྗོངས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། མ་ལག་རང་བཞིན་གྱི་སྲུང་སྐྱོབ་བྱས་པ་བརྒྱུད་དེ་རྨ་ཆུའི་གླིང་ཁུལ་དུ་རྩ་རྩི་ཤིང་ཁྱབ་ཚད་ལོ་རེ་བཞིན་མང་དུ་སོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ཐུབ་ཡོད། འདམ་རའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་104ཙམ་འཕར་བ་དང་། མཚེའུ་ཡི་གྲངས་འབོར་སྔོན་མའི་4077ནས་མིག་སྔའི་5849བར་འཕར་ཏེ་སྟོང་མཚོའི་མཛེས་པ་སླར་ཡང་མཇལ་རྒྱུ་བྱུང་ཡོད། འབྱུང་ཁམས་འབྲོག་ལས་དང་འབག་མེད་ཐོན་ལས་སོགས་གོང་འཕེལ་བཏང་བ་བརྒྱུད་དེ་རྨ་སྟོད་རྫོང་ཉིད་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དབུལ་གྲོལ་རྫོང་ཐོག་མ་དེར་གྱུར་ཡོད། བཀྲ་ཤིས་ཀྱི་ངོས་ནས་བཤད་ན། འབྱུང་ཁམས་དོ་དམ་དང་སྲུང་སྐྱོབ་པའི་ལོ་དྲུག་གི་འགན་འཁྲི་ནི་ད་ལྟ་འགོ་ཚུགས་ཙམ་ཞིག་རེད། བཀྲ་ཤིས་ཀྱིས་ང་ཚོར་ཡང་འགན་འཁྲི་ཡོད་པས་ལོ་དྲུག་ཅུ་ནས་བདུན་ཅུ་བརྒྱད་ཅུ་བར་དང་། ཐ་ན་མ་ཤི་བར་དུ་ངས་ལས་ཀ་དེ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་འབྱུང་ཁམས་སྲུང་སྐྱོབ་དང་དབུལ་སྒྲོལ་འགག་གཏོར་གཉིས་ཟུང་འབྲེལ་གྱིས་རྩ་ཐང་ཐོག་གི་འབྲོག་པ་དང་འབྱུང་ཁམས་སྲུང་སྐྱོབ་མཁན་དུ་འགྱུར་རྒྱུ་རེད།

གཙང་གསུམ་ཆུ་མགོའི་ལྟེ་བའི་ཁུལ་དུ་གནས་པའི་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་གནད་དྲུག་གཞི་གཅིག་གི་གཞི་རིམ་སྤྱི་ཚོགས་བཅོས་སྒྲིག་བྱེད་པའི་མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་མ་དཔེ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་འབྱུང་ཁམས་སྲུང་སྐྱོབ་དང་དབུལ་སྒྲོལ་འགག་གཏོར་ཟུང་འབྲེལ་ནུས་ལྡན་བྱ་རྒྱ་ཡིན་པ་དང་། རྩ་ཐང་ཐོག་གི་འབྲོག་པ་འབྱུང་ཁམས་སྲུང་སྐྱོབ་མཁན་དུ་འགྱུར་བ་བྱས་ནས་ས་གནས་དེ་གའི་མང་ཚོགས་ལ་སྔོ་ལྗང་རི་ཆུ་སྲུང་སྐྱོབ་