ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དབུལ་སྒྲོལ་འགག་གཏོར་གྱི་ཐག་གཅོད་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་ཞེས་པ་སྟེ། ཟི་ཁྲོན་ལེའང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་འགག་གཏོར།

2020-09-14 15:28:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སློབ་གསོ་གོང་འཕེལ་གཏོང་རྒྱུ་ནི་དབུལ་ཕོངས་མི་རབས་ནས་མི་རབས་རྒྱུད་སྤྲོད་བྱེད་རིགས་འགོག་པའི་རྩ་བའི་ཇུས་གཞི་ཡིན། སློབ་གསོ་གང་འདྲ་ཡོད་མེད་དེ་ནི་འབྱུང་འགྱུར་གྱི་རྣམ་པ་གང་འདྲ་ཡོད་མེད་ཀྱི་རགས་ལས་ས་དེ་ཡིན། དེ་རིང་ཟི་ཁྲོན་ལེའང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་འགག་གཏོར་སྐོར་གླེང་རྒྱུ་ཡིན།

སྤྱི་ཟླ་8པའི་ཟླ་མཇུག་ཏུ་ལེའང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་མེ་ཀུའུ་རྫོང་ལུང་མོན་ཤང་ཐ་ཧ་གྲོང་ཚོའི་བུ་བཅོལ་ཁང་དངོས་སུ་སྒོ་ཕྱེ་བ་རེད། རང་ལོ་5ལ་སླེབས་པའི་དབྱི་རིགས་ཀྱི་བུ་མོ་ཆུང་ཆུང་ཅེ་ཧོའུ་ཨུ་ཀན་ལེའི་ངོས་ནས་བརྗོད་ན། འདི་གར་ནི་རང་ཁྱིམ་གྱི་སྒོ་འགྲམ་དུ་རྩིས་རིག་སྦྱོང་ས་དང་གླུ་གཞས་སྦྱོང་སའི་ས་ཆ་ཡིན། སྐད་བརྡ་ནི་འཛམ་གླིང་ལ་ཤར་བགྲོད་ཐུབ་པའི་ལྡེ་མིག་རེད། ཐ་ཧ་གྲོང་ཚོའི་བུ་བཅོལ་ཁང་དུ་སློབ་མ་སློབ་གྲྭ་ཐོན་དུས་སྤྱིའི་ཆ་ནས་སྤྱི་སྐད་གོ་ཐུབ་པ་དང་། བཤོད་ཤེས་པ། བཤོད་ཕོད་པ། སྤྱོད་ཐུབ་པ་བཅས་ཀྱི་དམིགས་འབེན་ཟིན་གྱི་ཡོད་པ་རེད།

སློབ་གསོའི་འགག་གཏོར་ནི་ལེའང་ཧྲན་དེ་ཉིད་ས་ཁོངས་རང་བཞིན་གྱི་དབུལ་ཕོངས་གནད་དོན་ཐག་གཅོད་ཐུབ་པ་དང་དབུལ་ཕོངས་མི་རབས་ནས་མི་རབས་རྒྱུད་སྤྲོད་བྱེད་རིགས་འགོག་པའི་རྩ་བའི་ཇུས་གཞི་ཡིན། སྤྱི་ལོ་2018ལོའི་ཟླ་7པར། ལེའང་ཧྲན་ཁུལ་ནི་ཞིང་ཆེན་ཡོངས་སུ་སྔོན་ལ་གྲོང་ཚོ་གཅིག་ལ་བུ་བཅོལ་ཁང་གཅིག་ཡོད་པའི་སློབ་གསོ་ཚོད་ལྟ་ལག་ལེན་བསྟར་བ་དང་། སློབ་ལོ་མ་རན་གོང་སྤྱི་སྐད་བཤོད་ཤེས་པའི་བྱ་སྤྱོད་འགོ་ཚུགས་ཡོད་པ་རེད། མིག་སྔར། ཁུལ་ཡོངས་སུ་བུ་བཅོལ་ཁང་3895ཡོད་པ་དང་། བུ་བཅོལ་སློབ་གསོ་ཡོངས་ལ་ཁེབས་ཡོད་པ་དང་། ཕན་ཁེ་ཐོབ་པའི་བྱིས་པ་མི་གྲངས་ཁྲི་27ཟིན་གྱི་ཡོད་པ་རེད།

གྲངས་གཞི་ལས་མངོན་པར། ཉེ་བའི་ལོ་ལྔའི་རིང་། ལེའང་ཧྲན་ཁུལ་གྱིས་རགས་རྩིས་བྱས་ན་རིགས་ཁག་གི་སློབ་གཉེར་ཆ་རྐྱེན་ལེགས་བཅོས་བྱེད་པའི་ཐད་ལ་བཏང་བའི་མ་དངུལ་སྒོར་དུང་ཕྱུར་90དང་བྱེ་བདུན་དང་ས་ཡ་ལྔ་ཟིན་ཡོད་པ་རེད། ལེའང་ཧྲན་དུ་རྫོང་གྲོང་ཡིན་ནའང་སྦྲགས་ཡང་ན་ཤར་དང་གྲོང་རྡལ་ཡིན་ནའང་སྦྲགས། གང་ལྟར་ཁང་པ་ཡག་ཤོས་ནི་སློབ་གྲྭ་ཡིན་ངེས་གཏན་རེད། དཔེར་ན་འདི་གའི་ཡུའེ་ཤི་རྫོང་ཝུན་ཁྲང་སློབ་འབྲིང་ལ་ཚོད་ལྟ་ཁང་དང་དཔེ་མཛོད་ཁང་། སྨྱན་མང་སྒྲ་གཟུགས་སྒྲིག་ཆས་བཅས་པ་གང་དགོས་ཆ་ལག་ཚང་བ་ཡོད་པ་རེད། ཝུན་ཁྲང་སློབ་འབྲིང་གི་སློབ་སྤྱི་ཁྲེན་ཏེ་ཕིང་གིས། སློབ་གྲྭར་ད་ལྟ་སློབ་མ་མི་གྲངས་3317ཡོད་པ་དང་། དེའི་ནང་ཁྱིམ་ཚང་དབུལ་ཕོངས་ཀྱི་སློབ་མ་སྟོང་ཕྲག་ལས་བརྒལ་ཡོད། སློབ་གྲྭས་གཅིག་ནས་མཐིལ་ལོན་དང་། གཉིས་ནས་ཁྱིམ་འདྲི། གསུམ་ནས་དགའ་སྣང་། བཞི་ནས་གཅེས་སྤྲས། ལྔ་ནས་འགན་འཁུར་བཅས་ལག་བསྟར་བྱས་པ་བརྒྱུད་དེ། སློབ་མས་སྦྱོང་དགོས་རིགས་སྦྱང་ཐུབ་པ་དང་། རོགས་རམ་དགོས་རིགས་ལ་རོག་རམས་ཐུབ་པ་བྱས་ཡོད་ཅེས་གསུངས་པ་རེད།

ཁྲེན་ཏེ་ཕིང་གིས། གཅིག་ནས་མཐིལ་ལོན་ཟེར་བ་ནི་ང་ཚོའི་དགེ་རྒན་ཚངས་མས་སློབ་མ་མི་རེ་ངོ་རེའི་ཁྱིམ་ཚང་གི་གནས་ཚུལ་མཐིལ་ལོན་ཤེས་རྟོགས་ཐུབ་པའི་བླང་བྱ་བཏོན་པ་ལ་ཟེར་གྱི་ཡོད། གཉིས་ནས་ཁྱིམ་འདྲི་ཞེས་པ་ནི་དགེ་རྒན་གྱིས་ཁྱིམ་ཚང་འཚམས་འདྲིའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་ལ་ཟེར་གྱི་ཡོད། གསུམ་ནས་དགའ་སྣང་ཟེར་བ་ནི་ང་ཚོའི་སློབ་གྲྭས་སློབ་མ་འདི་དག་ལ་དམིགས་ནས། དབྱི་རིགས་ཀྱི་འཚེམ་འདྲུབ་དང་ཡིག་གཟུགས། རོལ་དབྱངས་སོགས་སོ་སོས་དགའ་པོ་བྱེད་པའི་སློབ་ཁྲིད་བཀོད་སྒྲིག་བྱས་པ་ལ་ཟེར་གྱི་ཡོད། བཞི་ནས་གཅེས་སྤྲས་ཞེས་པ་ནི་ང་ཚོའི་དགེ་རྒན་དང་སློབ་མ་ནི་གཅིག་ལ་གཅིག་གཏད་ཀྱི་རོགས་རམ་ལག་བསྟར་གྱིས་ང་ཚོའི་དབུལ་ཕོངས་སློབ་མ་འདི་དག་ལ་རོགས་རམ་གཅེས་སྤྲས་བྱེད་རྒྱུ་དེ་ཡིན། ལྔ་ནས་འགན་འཁུར་ཞེས་པ་ནི་ང་ཚོའི་དགེ་རྒན་གྱིས་རིམ་པ་སྟར་ཆགས་ཀྱིས་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དེ་ཡིན་ཞེས་གསུངས་པ་རེད།

སློབ་གསོ་གང་འདྲ་ཡོད་མེད་དེ་ནི་འབྱུང་འགྱུར་གྱི་རྣམ་པ་གང་འདྲ་ཡོད་མེད་ཀྱི་རགས་ལས་ས་དེ་ཡིན། མིག་སྔར་ལེའང་ཧྲན་ཁུལ་དུ་རིགས་ཁག་གི་སློབ་གྲྭ་1631ཡོད་པ་དང་། སློབ་གྲྭར་སློབ་མ་1225900ཡོད། སློབ་མ་ཡོད་ཚད་སློབ་སྦྱོང་བྱེད་དགོས་པའི་འབོད་ཚིག་འོག མི་ཚེ་ཞིག་ལ་འབྱུང་འགྱུར་གཅིག་ཞེས་པའི་བྱ་སྤྱོད་སྤེལ་དང་སྤེལ་མུས་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

དབུལ་སྒྲོལ་འགག་གཏོར་གྱི་ཐག་གཅོད་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་ཞེས་པ་སྟེ། ཟི་ཁྲོན་ལེའང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་འགག་གཏོར།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སློབ་གསོ་གོང་འཕེལ་གཏོང་རྒྱུ་ནི་དབུལ་ཕོངས་མི་རབས་ནས་མི་རབས་རྒྱུད་སྤྲོད་བྱེད་རིགས་འགོག་པའི་རྩ་བའི་ཇུས་གཞི་ཡིན། སློབ་གསོ་གང་འདྲ་ཡོད་མེད་དེ་ནི་འབྱུང་འགྱུར་གྱི་རྣམ་པ་གང་འདྲ་ཡོད་མེད་ཀྱི་རགས་ལས་ས་དེ་ཡིན། དེ་རིང་ཟི་ཁྲོན་ལེའང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་གྱི་སློབ་གསོའི་འགག་གཏོར་སྐོར་གླེང་རྒྱུ་ཡིན།