ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

2020-09-13 10:50:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། ལས་རྣམ་གསར་པ་དང་མ་དཔེ་གསར་པས་འཛད་སྤྱོད་གསར་པ་འཕེལ་རྒྱས་དང་སྣེ་ཁྲིད་གང་མགྱོགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་གཏན་འཁེལ་དང་། དཔལ་འབྱོར་སླར་གསོའི་རང་བཞིན་གྱི་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་གཏོང་བ། གསོ་རིག་སློབ་གསོའི་གསར་གཏོད་འཕེལ་རྒྱས་མགྱོགས་སུ་བཏང་ནས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་ཆེད་ཤེས་ལྡན་མི་སྣའི་འགན་སྲུང་བྱེད་དགོས་པའི་བཀོད་སྒྲིག་གནང་ཡོད།

གྲོས་ཚོགས་ཐོག འཛད་སྤྱོད་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། ད་ལོའི་འཛད་སྤྱོད་ལ་རིམས་ནད་ཀྱི་ཕོག་ཐུག་ཆེ་ཙམ་ཐེབས་པའི་དབང་གིས། དཔལ་འབྱོར་སླར་གསོ་ཡོང་བའི་ཉམས་ཞན་ལྷུ་ཚིག་ཞིག་ཏུ་གྱུར་ཡོད། དྲ་བའི་གྲངས་གཞིའི་ལག་རྩལ་གྱི་ལས་རྣམ་གསར་པ་དང་མ་དཔེ་གསར་པར་གཞིགས་ནས། འཛད་སྤྱོད་གསར་པ་ལྡོག་ཕྱོགས་སུ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱས་པ་མ་ཟད། མི་མངོན་པའི་སྟོབས་ཤུགས་ཀྱང་ཆེན་པོ་མངོན་ཡོད། དཔལ་འབྱོར་འཕར་སྣོན་ཡོང་བར་ཚོད་འཛིན་ཐེབས་པའི་འཛད་སྤྱོད་འགག་གནད་སེལ་དགོས་པ་དང་། ཁྲོམ་རའི་གཙོ་གཟུགས་གསར་གཏོད་མགྱོགས་སུ་གཏོང་བར་སྐུལ་ལྕག་བྱེད་པ། ནང་མཁོ་སྔར་བས་རྒྱ་ཆེ་རུ་བཏང་ནས། དཔལ་འབྱོར་སླར་གསོའི་རང་བཞིན་གྱི་འཕར་སྣོན་གྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས་ཞེས་བཏོན་གནང་ཡོད།

དེ་ཡང་གཅིག་ནས་འཛད་སྤྱོད་གསར་པ་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། གཉིས་ནས་འཛད་སྤྱོད་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། གསུམ་ནས་ལས་རྣམ་གསར་པ་དང་མ་དཔེ་གསར་པས་འཛད་སྤྱོད་གསར་པར་ཁྲིད་སྟོན་བྱེད་པའི་ཁྲལ་བསྡུའི་སྲིད་ཇུས་གཏན་འབེབས་བྱས་ཏེ། དངུལ་རྩའི་ལས་ཁུངས་ཀྱི་བྱ་ཐབས་གསར་གཏོད་བྱས་ནས་སྒུལ་བདེའི་གཏོང་སྤྲོད་འགྲོ་གྲོན་གྱི་མ་གནས་དམའ་རུ་གཏོང་རྒྱུར་སྐུལ་མ་གཏོང་བ། བཞི་ནས་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་འབྲེལ་ཡོད་ལག་ཁྱེར་གཉེར་བའི་འགྲོ་ལུགས་སྟབས་བདེ་རུ་གཏོང་དགོས་པ་བཅས་ཡིན་པ་རེད།

གྲོས་ཚོགས་ཐོག རང་རྒྱལ་གྱི་སྨན་དོན་མི་སྣའི་བསྡོམས་འབོར་དང་གྲུབ་ཆ་ཚང་མ་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་གྱི་མེད། ད་ཐེངས་ཀྱི་རིམས་ནད་ལས་སྤྱི་པའི་འཕྲོད་བསྟེན་དང་། ནད་གཞི་ཚབས་ཆེན་ཕོག་པའི་མི་སྣ་སྐྱོབ་བཅོས་དང་ནད་གཡོག་སོགས་ཀྱི་ཤེས་ལྡན་མི་སྣ་མི་འདང་བ་དེ་བས་མངོན་གསལ་དོད་པོ་ཡོད་པ་མངོན་ཡོད། གསོ་རིག་སློབ་གསོ་སྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་དོན་མི་སྣའི་འགན་སྲུང་ཤུགས་ཆེར་གཏོང་དགོས་ཞེས་བཏོན་ཡོད། དེ་ཡང་གཅིག་ནས་སྨན་དོན་མི་སྣ་གསོ་སྐྱོང་གི་གྲུབ་ཆ་ལེགས་སུ་གཏོང་དགོས་པ་དང་། གཉིས་ནས་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་དགོས་པ། གསུམ་ནས་སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པའི་གསོ་སྦྱོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་བཅས་ཡིན།

གྲོས་ཚོགས་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་བྱས་ཡོད་པ་རེད། 

 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག མིག་དམར་རྒྱ་མཚོ།

ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ལི་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། ལས་རྣམ་གསར་པ་དང་མ་དཔེ་གསར་པས་འཛད་སྤྱོད་གསར་པ་འཕེལ་རྒྱས་དང་སྣེ་ཁྲིད་གང་མགྱོགས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་གཏན་འཁེལ་དང་། དཔལ་འབྱོར་སླར་གསོའི་རང་བཞིན་གྱི་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་གཏོང་བ། གསོ་རིག་སློབ་གསོའི་གསར་གཏོད་འཕེལ་རྒྱས་མགྱོགས་སུ་བཏང་ནས་མི་དམངས་ཀྱི་བདེ་