ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ང་ཚོའི་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་ཅེས་པ་སྟེ། རི་ཁུག་ཁྲོད་ཀྱི་ལུས་རྩལ་སློབ་ཚན།

2020-09-13 10:46:00     责编:sangjzm

ལུང་ཁྲེང་གྲོང་རྡལ་ནི་ཀན་སུའུ་ཞིང་ཆེན་ཐེན་ཧྲུའེ་གྲོང་ཁྱེར་ཆིན་ཨན་རྫོང་གི་ཆེས་ཐག་རིང་གི་ཤང་གྲོང་ཞིག་ཡིན། སྔོན་ཆད། དཀའ་ཚེགས་ཆེ་བའི་ཁོར་ཡུག་དབང་གིས་གྲོང་གསེབ་ཀྱི་དགེ་རྒན་ཡུན་རིང་གནས་མི་ཐུབ་པས། སློབ་གསོ་འཕེལ་རྒྱས་དོ་སྙོམས་མེད་པ་དེ་ས་གནས་དེ་གའི་སློབ་གསོའི་སྤུས་ཚད་མཐོར་གཏོང་དང་དབུལ་པོའི་རྣམ་པར་འགྱུར་ལྡོག་གཏོང་བའི་འགོག་རྐྱེན་ཆེ་ཤོས་སུ་གྱུར་ཡོད།

སྤྱི་ལོ་2015ལོར། ས་གནས་དེ་གས་ཤང་དང་གྲོང་རྡལ་གྱི་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་དང་ལུང་ཁྲེང་སློབ་གསོའི་གླིང་ཁུལ་བཙུགས་ནས། དགེ་རྒན་མཉམ་སྤྱོད་དང་སྐོར་སྐྱོད་སློབ་ཁྲིད་ཀྱི་རྣམ་པ་གསར་པ་གཏོད་པ། སློབ་གསོ་ཡག་པོ་ཁྱིམ་གྱི་སྒོ་འགྲམ་དུ་སྐྱེལ་བ་བཅས་བྱས་པས། རི་ཁུག་ཁྲོད་ཀྱི་སློབ་མ་ཚོས་སློབ་གྲྭར་བསྐྱོད་ཆེད་སྔ་ས་ནས་ཁྱིམ་ནས་ཁ་བྲལ་དགོས་བྱུང་མེད། ང་ཚོའི་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་ཅེས་པའི་ལེ་ཚན་ནང་། དེ་རིང་རི་ཁུག་ཁྲོད་ཀྱི་ལུས་རྩལ་སློབ་ཚན་ཞེས་འཁོད་པ་དེ་ཞུ་རྒྱུ་ཡིན།

ཀན་སུའུ་ཞིང་ཆེན་ཐེན་ཧྲུའེ་གྲོང་ཁྱེར་ཆིན་ཨན་རྫོང་ལུང་ཁྲེང་གྲོང་རྡལ་གྱི་ཧྲན་ཝང་སློབ་ཁྲིད་ས་ཚིགས་སུ། སློབ་ཚན་གྱི་དྲིལ་བརྡ་ད་དུང་བཏང་མེད་རུང་། ལུས་རྩལ་དགེ་རྒན་ཀྲང་ཝུའུ་ཆང་ཕྲུ་གུ་སུམ་ཅུ་ལྷག་ཙམ་ཁྲོད་དུ་བཀའ་མོལ་གནང་བཞིན་ཡོད།

ཉིན་དེར་ལན་ཆིའུ་སྤོ་ལོའི་སློབ་ཚན་ཡིན་པས། དགེ་རྒན་ཀྲང་ཝུའུ་ཆང་གིས་སློབ་ཕྲུག་ཚོར་སྤོ་ལོ་འཛིན་པའི་ལག་སྟབས་ལ་ཞིབ་བཤེར་བྱེད་བཞིན་ཡོད།

དེ་སྔ་དགེ་རྒན་གྱི་གྲུབ་ཆའི་རང་བཞིན་དཀོན་པའི་རྐྱེན་གྱིས། ལུས་རྩལ་སློབ་ཚན་ནི་རྩེད་མོ་རྩེ་བ་ལྟ་བུའི་སློབ་ཚན་ཞིག་ཆགས་ཡོད་པས། ཆེད་ལས་ལུས་རྩལ་དགེ་རྒན་ནི་བསམས་ཀྱང་བྱུང་མི་སྲིད་ཞིག་རེད།

སྤྱི་ལོ་2015ལོ་ནས་བཟུང་། ས་གནས་དེ་གས་ཤང་དང་གྲོང་རྡལ་གྱི་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས། དགེ་རྒན་མཉམ་སྤྱོད་དང་སྐོར་སྐྱོད་སློབ་ཁྲིད་ཅེས་པའི་རྣམ་པ་གསར་པ་བཏོད་ཡོད། ལོ་ལྔའི་རིང་། སློབ་ཁྲིད་རྣམ་པ་དེས་རི་ཁུལ་གྱི་ཕྲུ་གུ་5000ལྷག་ཙམ་སྤུས་ཚད་མཐོ་པོའི་སྒོ་ནས་ཐག་ཉེ་སར་སློབ་ཞུགས་ཐུབ་པ་བྱུང་ཡོད། ཧྲན་ཝང་གྲོང་ཚོའི་གྲོང་མི་སུང་ཧུང་ཞ་ཡིས་ཁྱིམ་གྱི་ཕྲུ་གུ་གསུམ་པོ་གྲོང་ཚོའི་སློབ་ཁྲིད་ས་ཚིགས་སུ་སློབ་སྦྱོང་བྱེད་པར་སྐོང་ཡོད། ཁོང་གིས་དེ་ལྟར་བྱས་པས་ལོ་ལྟར་ཉུང་མཐར་ཡང་སྒོར་ཁྲི་གཉིས་གྲོན་ཆུང་ཐུབ་ཀྱི་འདུག་ཅེས་བཤད།

དགེ་རྒན་རྣམས་བློ་བདེ་པོའི་ངང་གྲོང་ཚོའི་ནང་སྡོད་ཐུབ་ཆེད། ཆིན་ཨན་རྫོང་གིས་ལུང་ཁྲེང་གྲོང་རྡལ་དུ་ཟས་སྡོད་དང་། གཞུང་ལས། དོ་དམ་བཅས་གཞི་གཅིག་ཏུ་འདུས་པའི་སློབ་གསོའི་གླིང་ཁུལ་བསྐྲུན་ནས། དགེ་རྒན་ཚོར་འཁོར་རྒྱུག་ཁང་པ་144མཁོ་འདོན་བྱས་པ། སློབ་གྲྭའི་རླངས་འཁོར་4ཉིན་ལྟར་གླིང་ཁུལ་ནས་ཐོན་ཏེ་ཁག་སོ་སོར་གྲོང་གསེབ་ཀྱི་སློབ་གྲྭ་17ལ་བསྐྱོད་ཀྱི་ཡོད།

ལུང་ཁྲེང་སློབ་ཁུལ་གྱི་སློབ་སྤྱི་ཝང་ཤུས་ཧྲེང་གིས། དེས་དགེ་རྒན་ཚོའི་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་པ་མ་ཟད། གྲོང་རྡལ་ཡོངས་ཀྱི་སློབ་གསོའི་ཆུ་ཚད་ལོ་རེ་བཞིན་ཚད་བརྒལ་གསར་པ་བྱུང་ཡོད་ཅེས་གསུངས་ཡོད་པ་རེད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ང་ཚོའི་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་ཅེས་པ་སྟེ། རི་ཁུག་ཁྲོད་ཀྱི་ལུས་རྩལ་སློབ་ཚན།

སྤྱི་ལོ་2015ལོར། ས་གནས་དེ་གས་ཤང་དང་གྲོང་རྡལ་གྱི་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་དང་ལུང་ཁྲེང་སློབ་གསོའི་གླིང་ཁུལ་བཙུགས་ནས། དགེ་རྒན་མཉམ་སྤྱོད་དང་སྐོར་སྐྱོད་སློབ་ཁྲིད་ཀྱི་རྣམ་པ་གསར་པ་གཏོད་པ། སློབ་གསོ་ཡག་པོ་ཁྱིམ་གྱི་སྒོ་འགྲམ་དུ་སྐྱེལ་བ་བཅས་བྱས་པས། རི་ཁུག་ཁྲོད་ཀྱི་སློབ་མ་ཚོས་སློབ་གྲྭར་བསྐྱོད་ཆེད་སྔ་ས་ནས་ཁྱིམ་ནས་ཁ་བྲལ་དགོས་བྱུང་མེད། ང་ཚོའི་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་ཅེས་པའི་ལེ་ཚན་ནང་། དེ་རིང་རི་ཁུག་ཁྲོད་ཀྱི་ལུས་རྩལ་སློབ་ཚན་ཞེས་འཁོད་པ་