ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཕྱི་འབྲེལ་པུས་༼མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ་༧༥འཁོར་བའི་ཀྲུང་གོའི་ལངས་ཕྱོགས་སྐོར་གྱི་ཡིག་ཆ་༽ཁྱབ་བསྒྲགས་བྱས་པ།

2020-09-11 10:06:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ་༧༥འཁོར་བའི་ལོ་ཡིན། སྤྱི་ཚེས་༡༠ཉིན་ཕྱི་འབྲེལ་པུས་༼མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ་༧༥འཁོར་བའི་ཀྲུང་གོའི་ལངས་ཕྱོགས་སྐོར་གྱི་ཡིག་ཆ་༽ཁྱབ་བསྒྲགས་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་དང་། རྒྱལ་སྤྱིའི་དུས་བབ། རྒྱུན་མཐུད་འཕེལ་རྒྱས། རིམས་འགོག་མཉམ་ལས་སོགས་ཀྱི་གནད་དོན་ཐད་ཀྲུང་གོའི་ལངས་ཕྱོགས་དང་འདོད་ཚུལ་རྒྱས་བཤད་བྱས་ཡོད། ལངས་ཕྱོགས་ཡིག་ཆའི་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ་༧༥འཁོར་བ་གོ་སྐབས་སུ་བྱས་ཏེ། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་། ཕྱོགས་རྐྱང་པའི་རིང་ལུགས་དང་། བཙན་ཤེད་རིང་ལུགས་དང་བཙན་གནོན་ཆབ་སྲིད་བཀག་འགོག་བྱེད་པ། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་དེ་བཞིན་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ་བརྒྱུད། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ལྷན་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་འདོད་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ཕྱི་འབྲེལ་པུས་༼མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ་༧༥འཁོར་བའི་ཀྲུང་གོའི་ལངས་ཕྱོགས་སྐོར་གྱི་ཡིག་ཆ་༽ཁྱབ་བསྒྲགས་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ་༧༥འཁོར་བའི་ལོ་ཡིན། སྤྱི་ཚེས་༡༠ཉིན་ཕྱི་འབྲེལ་པུས་༼མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་ངོ་༧༥འཁོར་བའི་ཀྲུང་གོའི་ལངས་ཕྱོགས་སྐོར་གྱི་ཡིག་ཆ་༽ཁྱབ་བསྒྲགས་བྱས་ནས།