ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཡུལ་སྨད་ཤང་དུ་མཉམ་ལས་ཁང་དེ་འདྲ་ཞིག་བཙུགས་འདུག

2020-08-01 18:47:00     责编:娜科

    སྤྱི་ཚེས་30ཉིན་གྱི་སྔ་དྲོ་བོད་ཀྱི་མཐའ་མཚམས་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་སྒོ་བྱང་བཀལ་ནས་བཙུགས་པ་དེའི་ཐོག་ནས་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་མཁོ་ཚོང་མཉམ་ལས་ཁང་འཛུགས་སྐྲུན་རྣམ་གྲངས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད།

         

       གསར་དུ་རྒྱས་སྐྲུན་བྱས་པའི་ཡུལ་སྨད་ཤང་གི་རྣམ་པ།   

   ཡུལ་སྨད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན།    གསར་དུ་བཙུགས་པའི་ཡུལ་སྨད་ཤང་གི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་གིས་ཁོངས་མིའི་འཐུས་མི་ཚོགས་ཆེན་འཚོགས་ནས་ལས་འཛིན་ལྷན་ཚོགས་དང་ལྟ་ཞིབ་ལྷན་ཚོགས་བདམས་ཐོན་བྱུང་བ་དང་འབྲེལ་གཞི་རིམ་མཉམ་ལས་ཁང་གི་སྒྲིག་ཡིག་ལ་གྲོས་འཆམ་བྱུང་ཡོད་པ་རེད།   

   

གྲོང་མི་ཚེ་རིང་སྒྲོལ་མས་འདེམས་ཤོག་འཕེན་བཞིན་པ། 

 

    ཇ་ཁང་གཉེར་སྐྱོང་བྱེད་བཞིན་པའི་ལྷ་སྐྱིད་པདདྨས། སླད་ཕྱིན་ཤང་དུ་དངོས་ཟོག་ཉོ་རྒྱུ་ཡོད་པས་ཉིན་ཁ་ཤས་ཀྱི་དུས་ཚོད་སྤྱད་དེ་གྲོང་ཁྱེར་ནང་ཚོང་ཟོག་འཐེན་པར་འགྲོ་དགོས་ཀྱི་མེད་པས་ཧ་ཅང་སྟབས་བདེ་པོ་འདུག  སྔོན་ཆད་རྟག་ཏུ་རི་ཀླུང་བརྒལ་ནས་དངོས་ཟོག་ཉོ་དགོས་ཀྱི་ཡོད་པས་དུས་ཚོད་རིང་པོ་འགོར་ལ་དཀའ་ལས་ཀྱང་ཆེན་པོ་རྒྱག་དགོས་ཀྱི་ཡོད།     ད་ཆ་ལམ་བཟོས་ཟིན་ལ་མཁོ་ཚོང་མཉམ་ལས་ཁང་ཡང་བཙུགས་ཟིན་པས་འཚོ་བ་སྔོན་མ་ལས་སྐྱིད་པ་འདུག་ཅེས་བཤད།      

         

སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་ཞུགས་པའི་གྲོང་མི་མང་ཚོགས། 

 

     ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་ལྟ་ཞིབ་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཐང་དབྱི་ཁྲེང་གིས། ད་ཐེངས་བཙུགས་པའི་ཡུལ་སྨད་ཤང་མཁོ་ཚོང་མཉམ་ལས་ཁང་ནི་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་གཞི་རིམ་མཉམ་ལས་ཁང་10འཛུགས་སྐྲུན་གྱི་འཆར་གཞིའི་གྲས་ཤིག་རེད།   ང་ཚོས་མཁོ་ཚོང་མཉམ་ལས་ཁང་གི་གཞི་རིམ་རྩ་འཛུགས་དང་གཉེར་སྐྱོང་ཞབས་ཞུའི་དྲ་བ་བརྒྱུད་ཡུལ་སྨད་ཤང་སོགས་མཐའ་མཚམས་ས་ཁུལ་དུ་འཚོ་བ་སྐྱེལ་བའི་མཐའ་སྲུང་མཐའ་བརྟན་གྱི་མང་ཚོགས་ལ་འཚོ་བའི་དངོས་རྫས་འགན་ལེན་དང་དམངས་ཕན་ཞབས་ཞུ་དེ་བས་ལེགས་པ་སྒྲུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད། 

 

འབྲེལ་ཡོད་ལས་དོན་མི་སྣས་ས་གནས་དེ་གའི་མང་ཚོགས་ལ་ཤེས་བྱ་འཆད་ཁྲིད་བྱེད་པ། 

 

    ངོ་སྤྲོད་བྱས་པར་གཞིགས་ན།    ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་མཁོ་ཚོང་མཉམ་ལས་ཁང་གིས་སྒོ་བྱང་བཀལ་ནས་ལྷོ་ཁ་གྲོང་ཁྱེར་དང་།    གཞིས་རྩེ་གྲོང་ཁྱེར།    ཉིང་ཁྲི་གྲོང་ཁྱེར།    མངའ་རིས་ས་ཁུལ་བཅས་ཀྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་མཉམ་ལས་ཁང་4དང་དེ་བཞིན་རྫོང་རིམ་པའི་མཉམ་ལས་ཁང་16དང་གཞི་རིམ་མཉམ་ལས་ཁང་11བཙུགས་པ་ཡོད་པ་རེད།     

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག ལྷག་པ།

སྒྲིག་སྒྱུར། བསྟན་དབང་།  

འཛམ་གླིང་སྐར་ཁུངས།

▶ཨ་རིས་ཀྲུང་གོའི་ཧྭ་ཝེ་འགོག་གནོན་གང་ཐུབ་བྱེད་དོན་ཅི་ཡིན་ནམ།

ཕྱི་འབྲེལ་པུའུ་ཡིས་ཟླ་7ཚེས་30ཉིན་འཚོགས་པའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པ་ཞིག་གིས་པར་ཙིར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་

中央广播电视总台 央广网 版权所有

ཡུལ་སྨད་ཤང་དུ་མཉམ་ལས་ཁང་དེ་འདྲ་ཞིག་བཙུགས་འདུག

ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་མཁོ་ཚོང་མཉམ་ལས་ཁང་གིས་སྒོ་བྱང་བཀལ་ནས་ལྷོ་ཁ་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱི་ས་ཁུལ་དང་ག