ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཀྲན་ཧྲུའུ་ཡིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་69པ་གཙོ་སྐྱོང་གནང་བ།

2020-07-30 16:18:00     责编:sangjzm

འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས29ཉིན་གྱི་སྔ་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་69པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་སྐོང་འཚོགས་བྱས་པ་དང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། གྲོས་ཚོགས་ཐོག སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས21པ་སྤྱི་ཟླ8པའི་ཚེས8ནས་ཚེས11ཉིན་བར་པེ་ཅིང་དུ་སྐོང་འཚོག་བྱ་རྒྱུའི་གཏན་འཁེལ་བྱས་ཡོད།

ཨུ་ཡོན་ཀྲང་གི་གྲོས་ཚོགས་ཀྱིས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས21པའི་ཐོག གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་ཁྲལ་སྲོལ་འཆར་ཟིན་དང་། གན་ཁྲལ་སྐོར་གྱི་བཅའ་ཁྲིམས་འཆར་ཟིན། ནར་མ་སོན་པའི་མི་སྣའི་ཁྲིམས་འགལ་བྱ་སྤྱོད་སྔོན་འགོག་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན། རྩོམ་དབང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་བཅས་ལ་གྲོས་ཞིབ་བྱ་རྒྱུ་དང་། ཨུ་ཡོན་ཀྲང་གི་གྲོས་ཚོགས་ཀྱིས་བཏོན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་གྲོས་གཞི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་བསྡུར་ལམ་སྲོལ་གྱི་བཟོ་བཅོས་འཆར་ཟིན་གྱི་གྲོས་གཞི། རྒྱལ་དར་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་གྲོས་གཞི། རྒྱལ་རྟགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་གྲོས་གཞི་བཅས་ལ་གྲོས་ཞིབ་བྱ་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་འདི་ཚུན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་གཞི་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་། ལོ་འདི་ཚུན་གྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ། གསར་གཏོད་སྒུལ་ནུས་གོང་འཕེལ་འཐབ་ཇུས་ཀྱིས་ཚན་རིག་ལག་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་ལག་བསྟར་དོན་འཁྱོལ་བྱེད་པའི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ། སྤྱི་བདེ་ཚན་པའི་ཁྲིམས་འཛིན་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་པའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གྱི་གནས་ཚུལ་སྙན་ཞུར་གྲོས་ཞིབ་བྱ་རྒྱུ་བཅས་ཀྱི་གྲོས་འགོ་བཏོན་ཡོད།

ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐོག རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་ཉོ་ཚོང་དང་ཟས་སྤྱོད་བྱ་རྒྱུ་ཁྱོན་ཡོངས་ནས་བཀག་འགོག་བྱེད་པའི་གཏན་འབེབས་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྙན་ཞུ་དང་། ཞིང་ལས་འཕྲུལ་ཆས་ཅན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གིས་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་རྩ་གནད་སྒྲིག་བཟོའི་ལས་དོན་གྱི་གཙོ་གནད་གནད་དོན་འགའ་ཞིག་གི་ཆེད་དོན་བརྟག་ཞིབ་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་གསན་རྒྱུ། འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྙན་ཞུ་དང་འབྲེལ་ཡོད་གོ་གནས་བསྐོ་འཐེན་སོགས་ཀྱི་སྐོར་ལ་གྲོས་ཞིབ་བྱ་རྒྱུའི་གྲོས་འགོ་བཏོན་ཡོད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་དབྱང་ཀྲེང་ཝུའུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས21པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་ལས་རིམ་བཀོད་སྒྲིག་ཐད་སྙན་སེང་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཆེ་གཞོན་པ་དང་། འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་། ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་བཅས་ཀྱིས་འབྲེལ་ཡོད་གྲོས་གཞི་སྙན་སེང་ཞུས་ཡོད།

གྲོས་ཚོགས་ཐོག་ད་དུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ཡོན་ལྷན་ཁང་གིས་སྤྱི་ལོ2020ལོའི་ལོ་སྟོད་ཀྱི་དཔལ་འབྱོར་དུས་བབ་དབྱེ་ཞིབ་གྲོས་ཚོགས་ཐོག་གནང་བའི་སྙན་ཞུར་གྲོས་ཞིབ་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

ལི་ཀྲན་ཧྲུའུ་ཡིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་69པ་གཙོ་སྐྱོང་གནང་བ།

སྤྱི་ཚེས29ཉིན་གྱི་སྔ་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་གྲོས་ཚོགས་ཐེངས་69པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་སྐོང་འཚོགས་བྱས་པ་དང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། གྲོས་ཚོགས་ཐོག སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས21པ་སྤྱི་ཟླ8པའི་ཚེས8ནས་