ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དམག་སྡེ་74ཡི་ལུའི་ཤོག་ག་གེ་མོར་ཕོ་རྒོད་པོའི་བརྒྱ་ཤོག་དྲུག་པ་དང་། དུས་རབས་ཀྱི་མིག་དཔེ་ཞེས་པའི་མཚན་སྙན་སྤྲད།

2020-07-30 16:05:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་29ཉིན་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་སྐམ་དམག་ཚོགས་ཁག་དམག་སྡེ་74ཡི་ལུའི་ཤོག་ག་གེ་མོར་ཕོ་རྒོད་པོའི་བརྒྱ་ཤོག་དྲུག་པ་དང་། དུས་རབས་ཀྱི་མིག་དཔེ་ཞེས་པའི་མཚན་སྙན་སྤྲད་ཡོད་པ་རེད།

དམག་གྲབས་བསམ་བློ་བཟང་བ་དང་། དམག་འཐབ་སྤྱོད་ཚུལ་གྱོང་བ། དམག་དོན་ལག་རྩལ་ལེགས་པ། དམག་སྲིད་སྒྲིག་ཁྲིམས་དམ་པ་བཅས་ཀྱི་མཚན་སྙན་ཡོད་པས་དམག་ཡོངས་ཀྱི་ཕོ་རྒོད་པོའི་བརྒྱ་ཤོག་དྲུག་པ་ཟེར་ཞིང་། ལྗར་འགོག་དམག་འཐབ་ཀྱི་དུས་སུ་ཐོན་པ་དང་། གཡུལ་འགྱེད་དང་དམག་འཐབ་ཐེངས་161ནང་ཞུགས་མྱོང་བ། མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་དང་པོ་ཐེངས་བརྒྱད་འཇོག་མྱོང་ཡོད། བརྒྱ་ཤོག་དྲུག་པས་དུས་རབས་གསར་པའི་སྟོབས་ཆེའི་དམག་དང་དམག་དཔུང་དར་རྒྱས་གཏོང་བའི་རླབས་ཆེའི་རྒྱང་སྐྱོད་ལམ་བུའི་ཐོག རྣམ་པ་གསར་པ་མངོན་པ་དང་གཟི་བརྗིད་གསར་པ་འཇོག་བཞིན་ཡོད་ཅིང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་རྒྱས་གཏོང་བ་དང་དམག་འཐབ་དྲག་པོ་རྒྱག་ཕོད་པའི་སྔོན་ཐོན་གྱི་དཔེ་བཟང་ཞིག་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有

དམག་སྡེ་74ཡི་ལུའི་ཤོག་ག་གེ་མོར་ཕོ་རྒོད་པོའི་བརྒྱ་ཤོག་དྲུག་པ་དང་། དུས་རབས་ཀྱི་མིག་དཔེ་ཞེས་པའི་མཚན་སྙན་སྤྲད།

དམག་གྲབས་བསམ་བློ་བཟང་བ་དང་། དམག་འཐབ་སྤྱོད་ཚུལ་གྱོང་བ། དམག་དོན་ལག་རྩལ་ལེགས་པ། དམག་སྲིད་སྒྲིག་ཁྲིམས་དམ་པ་བཅས་ཀྱི་མཚན་སྙན་ཡོད་པས་དམག་ཡོངས་ཀྱི་ཕོ་རྒོད་པོའི་བརྒྱ་ཤོག་དྲུག་པ་ཟེར་ཞིང་། ལྗར་འགོག་དམག་འཐབ་ཀྱི་དུས་སུ་ཐོན་པ་དང་། གཡུལ་འགྱེད་དང་དམག་འཐབ་ཐེངས་161ནང་ཞུགས་མྱོང་བ། མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་དང་པོ་ཐེངས་བརྒྱད་འཇོག་མྱོང་ཡོད། བརྒྱ་ཤོག་དྲུག་པས་དུས་རབས་གསར་པའི་སྟོབས་