ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧན་ཀྲེང་གིས་ཅིང་ཅིན་ཅིས་མཐུན་སྦྱོར་གོང་འཕེལ་འགོ་འཁྲི་ཚོགས་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ།

2020-07-30 15:55:00     责编:sangjzm

འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་སྤྱི་ཚེས28ཉིན། ཅིང་ཅིན་ཅིས་མཐུན་སྦྱོར་གོང་འཕེལ་འགོ་འཁྲི་ཚོགས་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅིང་ཅིན་ཅིས་མཐུན་སྦྱོར་གོང་འཕེལ་གཏོང་རྒྱུའི་ཐད་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་བགྲོ་གླེང་གནང་བ། དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་ཞིབ་འཇུག་བཀོད་སྒྲིག་བཅས་གནང་ཡོད།

ཧན་ཀྲེང་གིས། བསམ་བློའི་ངོས་འཛིན་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་སྟེང་དོན་འཁྱོལ་སྔར་བས་ལྷག་པ་བྱེད་པ་དང་། སྔ་བར་ཕྱི་གསུམ་དུ་པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པ་ཁ་འགྲེམས་བྱེད་པའི་འགག་གནད་འདི་དམ་པོར་འཛིན་པ། འཆར་འགོད་འདི་དོན་འཁྱོལ་མཐར་ཕྱིན་པ་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྐུལ་འདེད་ཏན་ཏིག་དང་ཡུན་རིང་འབད་བརྩོན་བཅས་བྱས་ནས། ཅིང་ཅིན་ཅིས་མཐུན་སྦྱོར་གོང་འཕེལ་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་ཆེད་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

ཧན་ཀྲེང་གིས། ཅིང་ཅིན་ཅིས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བར། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལེགས་པོ་བྱེད་པའི་སྔོན་འགྲོའི་འོག གཙོ་གནད་ལས་འགན་དང་། གཙོ་གནད་རྣམ་གྲངས། གཙོ་གནད་སྲིད་ཇུས་བཅས་ལ་དམིགས་བསལ་དམ་འཛིན་བྱེད་དགོས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། འཆར་འགོད་སྣེ་ཁྲིད་བཟང་དུ་གཏོང་བ། རྣམ་གྲངས་ཀྱི་དུས་རིམ་གོང་མའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་ཀྱི་གསོག་འཇོག་མཛོད་ཁང་གསར་བརྗེ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཚད་གཞི་དང་སྤུས་ཚད་མཐོ་པོའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་འགན་ལེན་བྱེད་དགོས། འགྲིམ་འགྲུལ་གཞི་གཅིག་ཅན་ལ་འགག་གཏོར་གསར་པ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། སྒྲིག་གཞི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲུབ་ཆ་རྣམ་གྲངས་ཀྱི་རྗེས་སུ་བསྙེགས་རྒྱུ་རྒྱུན་འཁྱོངས་བྱེད་པ། ཅིང་ཅིན་ཅིས་ཀྱི་གྲོང་སྦྲེལ་ལྕགས་ལམ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ལྕགས་ལམ་སྟེང་གི་ཅིང་ཅིན་ཅིས་གཏོད་དགོས། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མིན་པ་ཁ་འགྲེམས་བྱེད་པའི་སྲིད་ཇུས་མ་ལག་ལ་ཞིབ་འཇུག་བྱེད་པ་དང་། བྱེད་ནུས་ཁ་འགྲེམས་ཀྱི་ཁ་ཕྱོགས་ཆེན་པོ་སྔར་བས་ཁ་གསལ་དུ་གཏོང་བ། ཁ་འགྲེམས་སྲིད་ཇུས་ལ་ནུས་པ་ལྡན་པ་བྱེད་པ། ཕྱོགས་ཁག་གི་ཁེ་ཕན་ལ་གཅིག་གྱུར་ལྟ་འདོམས་བྱེད་པ་བཅས་ཀྱིས། སྣེ་ཁྲིད་དང་ལྡོག་འཕྲོའི་ཕན་འབྲས་ཐོན་པ་བྱེད་དགོས། སྤྱི་པའི་ཞབས་ཞུ་མཉམ་སྐྲུན་མཉམ་སྤྱོད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཅིང་ཅིན་ཅིས་ཀྱི་སྤུས་ལེགས་སློབ་གསོ་དང་སྨན་བཅོས་ཐོན་ཁུངས་ཧོ་པེ་རུ་སྣུར་སྲིང་ཐུབ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་པའི་ཞབས་ཞུའི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ལ་མཐུན་སྦྱོར་གོང་འཕེལ་གྱི་གྲུབ་འབྲས་ལོངས་སྤྱོད་བྱེད་དུ་འཇུག་དགོས། སྒྱུར་བཅོས་གསར་གཏོད་ལ་འགག་གཏོར་གསར་པ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། གསར་གཏོད་སྒུལ་ནུས་དང་བསྒྱུར་བཅོས་སྒོ་འབྱེད་གཉིས་བྱ་ཐབས་ལ་བརྩིས་ནས། ནང་དོན་ལེགས་བསྡུས་ཞིབ་གཉེར་གྱི་གོང་འཕེལ་ལམ་བུ་གསར་པ་ཞིག་ཧུར་ཐག་ངང་གཏོད་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། འཆར་འགོད་དོན་འཁྱོལ་གྱི་འགག་གནད་ལ་དམ་འཛིན་ཡག་པོ་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ལས་འགན་རེ་རེ་བཞིན་དམ་འཛིན་ཏན་ཏིག་དང་དམ་འཛིན་ཡག་པོ་བྱས་ནས་ཕན་འབྲས་ཐོན་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

ཧན་ཀྲེང་གིས་ཅིང་ཅིན་ཅིས་མཐུན་སྦྱོར་གོང་འཕེལ་འགོ་འཁྲི་ཚོགས་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་སྤྱི་ཚེས28ཉིན། ཅིང་ཅིན་ཅིས་མཐུན་སྦྱོར་གོང་འཕེལ་འགོ་འཁྲི་ཚོགས་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅིང་ཅིན་ཅིས་མཐུན་སྦྱོར་གོང་འཕེལ་གཏོང་རྒྱུའི་ཐད་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་བགྲོ་གླེང་གནང་