ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཕྱི་འབྲེལ་པུའི་མགྲིན་ཚབས་པས། ཧྥེང་ཧྥེ་ཨའོ་ཡིས་ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྲུང་གོར་མ་ཉེས་ཁག་འགེལ་བྱེད་པའི་གཏམ་བརྗོད་ཐེངས་མང་སྤེལ་བར་སྐྱོན་བརྗོད་བྱས་པ།

2020-07-30 15:51:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས་ཨ་རིའི་རྒྱལ་དོན་བློན་ཆེན་ཧྥེང་ཧྥེ་ཨའོ་ཡིས་ལྷོ་རྒྱ་མཚོ་ནི་ཀྲུང་གོའི་མཚོ་ཐོག་བཙན་རྒྱལ་མིན་ཞེས་པ་དང་། ཀྲུང་གོས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱབ་འགལ་བྱས་ཡོད་ཅེས་བརྗོད་ཡོད། དོན་དེར་དམིགས་ནས་སྤྱི་ཚེས་28ཉིན་ཕྱི་འབྲེལ་པུའི་མགྲིན་ཚབས་པ་ཝང་ཝུན་པིན་གྱིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ཉེ་དུས། ཧྥེང་ཧྥེ་ཨའོ་ཡིས་ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྲུང་གོར་ཚིག་ཚོན་འདེབས་པའི་གཏམ་བཤད་སྤེལ་བ་དང་། ཀྲུང་གོར་མ་ཉེས་ཁག་འགེལ་གྱི་གཏམ་བརྗོད་སྤེལ་བར་ཡ་ལན་སྤྲད་ཡོད་པ་རེད།

ཝང་ཝུན་པིན་གྱིས། ཀྲུང་གོའི་ལྷོ་རྒྱ་མཚོའི་སྲིད་ཇུས་ལ་འགྱུར་ལྡོག་མེད་ཅིང་། རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཞེས་བསྟན་པ་དང་།

ཁོང་གིས། དོན་དངོས་ཐོག ལྷོ་རྒྱ་མཚོའི་གནད་དོན་དེ་དམག་དོན་ཅན་དུ་འགྱུར་བ་དང་ས་ཁུལ་གྱི་གནས་བབ་ཛ་དྲག་ཅན་དུ་བཟོ་བསམ་པ་དེ་ནི་ཀྲུང་གོ་མིན་པར་དེ་ལས་ལྡོག་སྟེ་ཏག་ཏག་ཨ་རི་ཡིན་ཞེས་གསུངས་པ་རེད།

ཝང་ཝུན་པིན་གྱིས། ཨ་རི་ནི་ལྷོ་རྒྱ་མཚོའི་གནད་དོན་གྱི་དོ་བདག་རྒྱལ་ཁབ་མིན་ལ། མཉམ་འབྲེལ་རྒྱལ་ཚོགས་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས་ཀྱི་ཆིངས་འཇོག་རྒྱལ་ཁབ་མིན་པས། ལྷོ་རྒྱ་མཚོའི་གནད་དོན་ཐད་འགྲིག་མིན་གཏམ་བརྗོད་ཡང་སེ་སྤེལ་བ་དེ་ནི་མངོན་སུམ་འཛེམས་མེད་ངང་ཨ་རིས་ལྷོ་རྒྱ་མཚོའི་བདག་དབང་གནད་དོན་ཐད་ལངས་ཕྱོགས་བཟུང་གི་མིན་ཞེས་ཁས་ལེན་བྱས་པ་དང་རྒྱལ་འགལ་དུ་སོང་བས། དོན་དངོས་ཐོག་དེ་ནི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བར་གྱི་འབྲེལ་བར་བསམ་ངན་ཁོག་བཅུག་གིས་དབྱེན་སྦྱོར་དང་འགལ་ཟླ་དཀྲུག་ཤིང་བཟོས་ཏེ། ཀྲུང་གོར་བཀག་རྒྱ་གསར་པ་བཟོ་རྩིས་བྱེད་པ་ཞིག་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有

ཕྱི་འབྲེལ་པུའི་མགྲིན་ཚབས་པས། ཧྥེང་ཧྥེ་ཨའོ་ཡིས་ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྲུང་གོར་མ་ཉེས་ཁག་འགེལ་བྱེད་པའི་གཏམ་བརྗོད་ཐེངས་མང་སྤེལ་བར་སྐྱོན་བརྗོད་བྱས་པ།

ཉེ་དུས་ཨ་རིའི་རྒྱལ་དོན་བློན་ཆེན་ཧྥེང་ཧྥེ་ཨའོ་ཡིས་ལྷོ་རྒྱ་མཚོ་ནི་ཀྲུང་གོའི་མཚོ་ཐོག་བཙན་རྒྱལ་མིན་ཞེས་པ་དང་། ཀྲུང་གོས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱབ་འགལ་བྱས་ཡོད་ཅེས་བརྗོད་ཡོད། དོན་དེར་དམིགས་ནས་སྤྱི་ཚེས་28ཉིན་ཕྱི་འབྲེལ་པུའི་མགྲིན་ཚབས་པ་ཝང་ཝུན་པིན་གྱིས་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ཉེ་དུས། ཧྥེང་ཧྥེ་ཨའོ་ཡིས་ལྷོ་རྒྱ་མཚོའི་གནད་དོན་ཐད་ཀྲུང་གོར་ཚིག་ཚོན་འདེབས་པའི་གཏམ་བཤད་སྤེལ་བ་དང་།