ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

པེ་ཅིང་དང་། ཤིན་ཅང་། ཏཱ་ལན་བཅས་ཀྱིས་ཁག་སོ་སོར་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་ནས། ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་གསར་པ་ངོ་སྤྲོད་གནང་བ།

2020-07-30 15:43:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་28ཉིན། པེ་ཅིང་གྲོང་ཁྱེར་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཏཱ་ལན་གྲོང་ཁྱེར་བཅས་ཀྱི་ཁག་སོ་སོར་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ནས། ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་གནས་ཚུལ་ངོ་སྤྲོད་གནང་བ་རེད།

པེ་ཅིང་གྲོང་ཁྱེར་གྱིས་གསར་དུ་འཕར་བའི་མངའ་ཁོངས་ཕྱི་ནས་འཛུལ་བའི་ནད་དཔེ་གཅིག་དང་ཏཱ་ལན་གྲོང་ཁྱེར་གྱི་རིམས་ནད་དང་འབྲེལ་བ་ཡོད་པའི་ནད་དཔེ་གཅིག་ལ་དམིགས་ཏེ། པེ་ཅིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབས་པ་ཞུས་ཧོ་ཅན་གྱིས། ཕྱི་ཕྱོགས་ནས་འཛུལ་བའི་ནད་དཔེར་ཚད་མཐོའི་མཐོང་ཆེན་དང་རྒྱུན་མཐུད་དམ་འཛིན་བྱས་ནས་འགོག་ཟོན་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་གསུངས་པ་རེད། པེ་ཅིང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནད་ཀྱིས་རྒྱ་ཆེའི་གྲོང་མིར། གལ་སྲིད་གཟུགས་གཞི་བདེ་པོ་མེད་པའི་སྣང་ཚུལ་ཐོན་ཚེ། གང་ཐུབ་ཅི་ཐུབ་ཀྱི་སྤྱི་སྤྱོད་འགྲིམ་འགྲུལ་བསྡད་ནས་ཕྱིར་མི་བསྐྱོད་རྒྱུའི་དྲན་སྐུལ་ཞུས་ཡོད་པ་རེད།

སྤྱི་ཚེས་28ཉིན་ཨུ་ལུམ་མུ་ཆི་གྲོང་ཁྱེར་དུ་རིམས་ནད་ནད་རྟགས་གཏན་འཁེལ་གྱི་ནད་དཔེ་6དང་ནད་རྟགས་མེད་པའི་ནད་དཔེ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་ཡོད་པ་རེད། ཨུ་ལུམ་མི་ཆི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དྲུང་ཡིག་གཞོན་པ་ཧྲང་ཡུས་ཧྥེང་གིས། འདི་ནི་ད་ཐེངས་རིམས་ནད་འགོས་པའི་ནད་པ་སྨན་ཁང་ནས་དོན་མཁན་ཐོག་མ་ཡིན་ཞེས་ངོ་སྤྲོད་གནང་བ་རེད།

ཏཱ་ལན་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲའོ་ལན་གྱིས། འབྲེལ་གཏུགས་དམ་ཟབ་ཡོད་མཁན་ལ་དོ་དམ་བྱེད་རྒྱུས་གཙོ་བོར་བཟུང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་ནད་དཔེའི་འབྱུང་ཁུངས་རྩད་གཅོད་རྒྱུའི་ལས་དོན་ལེགས་པོ་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད། སྤྱི་ཚེས་28ཉིན་ནས་བཟུང་། ཏཱ་ལན་གྲོང་ཁྱེར་གྱིས་བཟའ་བཏུང་ཞབས་ཞུའི་ལས་རིགས་ཀྱིས་རུབ་སྡུད་རང་བཞིན་ཐོག་ལྟོ་ཟ་རིགས་མཚམས་འཇོག་བྱས་ཡོད། ཁྲོམ་རའི་མཁོ་སྤྲོད་ཐད། ཏཱ་ལན་གྲོང་ཁྱེར་ཚོང་དོན་ཅུད་ཀྱི་ཅུད་ཀྲང་ཚུང་ཁེས། ཏཱ་ལན་གྲོང་ཁྱེར་དུ་མིག་སྔར་དམངས་འཚོའི་ཚོང་ཟོག་ཁྲོམ་རར་འདང་ངེས་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有

པེ་ཅིང་དང་། ཤིན་ཅང་། ཏཱ་ལན་བཅས་ཀྱིས་ཁག་སོ་སོར་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་ནས། ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་གསར་པ་ངོ་སྤྲོད་གནང་བ།

པེ་ཅིང་གྲོང་ཁྱེར་གྱིས་གསར་དུ་འཕར་བའི་མངའ་ཁོངས་ཕྱི་ནས་འཛུལ་བའི་ནད་དཔེ་གཅིག་དང་ཏཱ་ལན་གྲོང་ཁྱེར་གྱི་རིམས་ནད་དང་འབྲེལ་བ་ཡོད་པའི་ནད་དཔེ་གཅིག་ལ་དམིགས་ཏེ། པེ་ཅིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབས་པ་ཞུས་ཧོ་ཅན་གྱིས། ཕྱི་ཕྱོགས་ནས་འཛུལ་བའི་ནད་དཔེར་ཚད་མཐོའི་མཐོང་ཆེན་དང་རྒྱུན་མཐུད་དམ་འཛིན་བྱས་ནས་འགོག་ཟོན་བྱེད་ཐབས་ཁག་