ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲེ་ཅང་ཉིང་པོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཁྱད་དུ་བསད་ནས་ཕྱི་ཕྱོགས་ཉོ་ཚོང་གི་གཞི་རྩའི་ཁ་ཕྱོགས་བརྟན་པོ་ཡོང་བ་བྱས་པ།

2020-07-28 16:34:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས། ཉེན་ཁ་དང་གོ་སྐབས་ནི་ནམ་ཡང་མཉམ་གནས་ཡིན་པས། ཉེན་ཁ་སེལ་བ་ནི་གོ་སྐབས་གཏོད་པ་ཞིག་ཡིན། དབྱེ་ཞིབ་གཏིང་ཟབ་དང་། ཁྱོན་ཡོངས་ནས་བསམ་གཞིགས་བྱ་དགོས་པ་དང་། འགྱུར་ལྡོག་ལ་ངོས་འཛིན་གནད་འཕིགས་བྱེད་པ། ཚན་རིག་དང་མཐུན་པའི་ངང་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རང་འགུལ་ངང་འགྱུར་ལྡོག་ཡོང་ཐབས་བཅས་བྱས་ཏེ། མིག་མདུན་གྱི་ཉམས་ཉེན་དང་མིག་མདུན་གྱི་དཀའ་ངལ་ཁྲོད་ནས་གོ་སྐབས་དམ་འཛིན་དང་གསར་གཏོད་བྱེད་མཁས་པོ་བྱེད་དགོས་ཞེས་བསྟན་གནང་ཡོད།

ཀྲེ་ཅང་ཉིང་པོ་ཡིས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཁྱད་དུ་བསད་པ་དང་། ཁེ་ལས་དང་སྲིད་གཞུང་གིས་མཉམ་དུ་འབད་བརྩོན་བྱས་ཏེ། ད་ལོའི་ལོ་སྟོད་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་0.3%འཕར་ནས། འཆར་གཞི་ལོགས་བཀོད་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་ཤིང་། རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་གཞི་རྩའི་ཁ་ཕྱོགས་བརྟན་པོ་ཡོང་བ་བྱེད་པའི་ཁྲོད་ནུས་པ་སྔར་ལས་མངོན་གསལ་དོད་པ་བཏོན་ཡོད།

ད་ལོའི་སྤྱི་ཟླ་3པའི་ཟླ་མཇུག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་པོ་རུ་རྟོག་ཞིབ་གནང་སྐབས། གྲུ་ཁ་དང་ཁེ་ལས་ལ་གཟིགས་པ་དང་། དངོས་ཟོག་སྐྱེལ་འདྲེན་དང་ལས་ཀ་བསྐྱར་གསོ་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་ལ་གཟིགས་ཞིབ་མཛད་ཡོད། ཁོང་གིས། དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གིས་རང་རྒྱལ་གྱི་འཕེལ་རྒྱས་དང་ལྷག་པར་དུ་ཐོན་ལས་འཕེལ་རྒྱས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། རྒྱ་ཆེའི་ཁེ་ལས་འབྲིང་ཆུང་གིས་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་དང་། སྙིང་རུས་ཆེན་པོས་འབད་བརྩོན། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས། རིམས་ནད་ཀྱི་འགྲན་རྩོད་ལས་རྣམ་པར་རྒྱལ་གང་ཐུབ་བྱ་དགོས་ཞེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་ཞིབ་འཇུག་གནང་སྐབས། ལྷག་པར་དུ་ཁེ་ལས་འབྲིང་ཆུང་ལ་བསམ་བློ་བཏང་བ་དང་། སྲིད་ཇུས་མང་པོ་མཉམ་དུ་བཏོན་ཡོད་པས། དུས་བབ་འཕེལ་རྒྱས་དང་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས། དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ་དང་། ཁེ་ལས་འབྲིང་ཆུང་ལ་རྩ་བའི་རང་བཞིན་གྱི་ཤུགས་རྐྱེན་མི་ཐེབས་པ་བྱེད་བཞིན་ཡོད་པ་དང་། གང་མགྱོགས་ཅི་མགྱོགས་གནས་སྟངས་ཡག་པོ་ཞིག་ཏུ་སླར་གསོ་བྱེད་ཐུབ་པར་མ་ཟད། འཕེལ་རྒྱས་གསར་པ་ཡང་ཡོང་གང་ཐུབ་བྱ་དགོས་ཞེས་གསུངས་ཡོད།

དམངས་གཉེར་ཁེ་ལས་ནི་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་གཙོ་ཤུགས་དམག་ཡིན། འདི་ལོའི་ལོ་སྟོད་དུ། དམངས་གཉེར་ཁེ་ལས་ཀྱིས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་བཞི་ཁྲི་ཆིག་སྟོང་བཞི་བརྒྱ་ཟིན་པ་དེས་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་53.7%བཟུང་ཡོད། འགག་སྒོའི་བསྡོམས་རྩིས་ལས་མངོན་པར་གཞིགས་ན། ད་ལོའི་ལོ་སྟོད་དུ། ཉིང་པོ་ཡིས་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་སྒོར་དུང་ཕྱུར་2789དང་བྱེ་བ་2ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་0.3%འཕར་ཡོད། སྤྱི་ཟླ་3པ་ནས་སྤྱི་ཟླ་6པའི་བར་བསྟུད་མར་ཟླ་བ་བཞིའི་ཕྱིར་གཏོང་འཕར་སྣོན་འགྲོ་རྒྱུན་འཁྱོངས་ཐུབ་པའི་རྨང་གཞིའི་ཐོག ཉིང་པོ་ཡིས་ལོ་སྟོད་དུ་ཕྱིར་གཏོང་བྱས་པ་དེ་རིམ་རྩིས་བྱས་ན་ཆག་པ་ནས་འཕར་བའི་བར་འགྱུར་ལྡོག་བྱུང་ཡོད། ཉིང་པོ་ཡི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་འཕར་སྣོན་འགྲོ་བའི་གནས་སྟངས་བཟང་པོ་དེ་ནི། ཕྱོགས་གཅིག་ནས་དམངས་གཉེར་ཁེ་ལས་ཀྱིས་ནང་ནུས་སྦྱོང་བརྡར་ཧུར་ཐག་བྱས་ཏེ། ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་འབྲེལ་བ་ཡོད་ལ། ཕྱོགས་གཞན་ཞིག་ནི་སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་བྱས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཉོ་ཚོང་བྱེད་སྟངས་གསར་གཏོད་བྱས་ནས་ཚོང་ལས་ཀྱི་གོ་སྐབས་གསར་པ་འཚོལ་བ་ལས་བྱུང་བ་ཞིག་ཡིན་པ་རེད།

ཉིང་པོ་ཚི་ཤིས་གྲོང་ཁྱེར་ཧྲེང་ཧྲན་གྲོང་རྡལ་དུ། རྐང་འཁོར་ཁེ་ལས་100ལྷག་ཙམ་གྱིས་བྲེལ་འཚུབ་ངང་ཐོན་སྐྱེད་བྱེད་བཞིན་ཡོད། རིམས་ནད་ཐོན་རྗེས། ཡོ་རོབ་དང་ཨ་རིའི་རྐང་འཁོར་གྱི་དགོས་མཁོ་ཆེ་རུ་ཕྱིན་ནས། ཁེ་ལས་ཚང་མའི་མངགས་ཐོ་ན་ནིང་ལས་ལྡབ་གཅིག་འཕར་ཡོད། ས་གནས་དེ་གའི་རྐང་འཁོར་ཁེ་ལས་ཀྱིས་རྨོངས་ཚོད་ངང་ཐོན་ནུས་རྒྱ་སྐྱེད་བཏང་མེད་པར། ཞིབ་འཇུག་གསར་སྤེལ་བྱེད་མགྱོགས་སུ་བཏང་ནས་ཐོན་རྫས་རིམ་སྤོར་རབས་བརྗེ་བྱས་ཡོད། ཁེ་ལས་ཀྱི་འགན་འཁུར་བ་ཞུས་མིང་ཆང་གིས། གོ་སྐབས་དེ་བྱུང་བའི་རྗེས་སུ། ང་ཚོས་རང་ཉིད་ཀྱི་ཐོན་རྫས་རིམ་སྤོར་བྱས་ནས། རིན་གོང་དེ་སྔའི་རྨང་གཞིའི་ཐོག་50%སྤར་ཡོད་ཅེས་གསུངས་ཡོད།

རིམས་ནད་ཐོན་རིང་། ཉིང་པོ་ཡི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཁེ་ལས་ཤིག་གི་ལས་སྒོའི་འཕར་ཚད་90%ཟིན་ཡོད། ཀུང་སིས་ཕྱི་རྒྱལ་དུ་མཛོད་བཙུགས་པ་བརྒྱུད། མགྱོགས་མྱུར་དངོས་ཟོག་དབོར་ནས། སྲོལ་རྒྱུན་གྱི་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱིས་ལས་སྣོན་གླ་ཆ་ཕྲན་བུ་ལས་ལེན་མི་ཐུབ་པའི་དཀའ་ངལ་ལ་འགྱུར་ལྡོག་བཏང་ཡོད། དེ་ལྟར་ཕྱི་རྒྱལ་དུ་མཛོད་རང་བསྐྲུན་གྱིས། ཚོང་རྟགས་ཕྱི་རྒྱལ་དུ་སྐྱོད་པའི་ཉོ་ཚོང་བྱེད་སྟངས་གསར་པ་དེ་རིགས་ལ་བརྟེན་ནས། སྤྱི་ཟླ་དང་པོ་ནས་ལྔ་པའི་བར་ཉིང་པོ་ཡི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ཐད་བརྒྱ་ཆའི་གནས་17ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།

རིམས་ནད་ཀྱི་ཤུགས་རྐྱེན་མདུན་དུ་ཉིང་པོ་གྲོང་ཁྱེར་སྲིད་གཞུང་གིས་བབ་བསྟུན་ཁྲིད་སྟོན་བྱས་པ་དང་། ཁེ་ལས་ཀྱིས་དྲ་ཐོག་ཚོང་གཉེར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཡོད། ད་ལོའི་སྤྱི་ཟླ་དྲུག་པར་འཚོགས་པའི་སྐབས་127པའི་ཀོང་ཏུང་ཚོང་འདུས་ཐོག་ཉིང་པོ་གྲོང་ཁྱེར་གྱིས་ཁེ་ལས་ལ་ཀུང་སིའི་བར་ཁམས་བོགས་གཏོང་བྱས་པ་དང་། དྲ་ཐོག་མཉམ་སྤྱོད་ཐད་གཏོང་ཁང་བཙུགས་པ། འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་ལ་དུས་མཚམས་དབྱེ་ནས་བཀོལ་སྤྱོད་བྱེད་དུ་བཅུག་ཡོད། ཉིང་པོ་གྲོང་ཁྱེར་ཚོང་དོན་ཅུད་ཀྱི་འགོ་འཛིན་གཞོན་པ་ཁྲེན་ལི་ཀྲེན་གྱིས། ཉིང་པོ་གྲོང་ཁྱེར་གྱིས་ཁེ་ལས་ནས་མངའ་ཁོངས་བརྒལ་བའི་ཉོ་ཚོང་སྟེགས་བུའམ་ཡང་ན་རང་བཙུགས་དྲ་ཐོག་སྟེགས་བུ་སྤྱད་དེ་རྒྱལ་སྤྱིའི་ཁྲོམ་ར་གཏོད་རྒྱུར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ཡོད། ཉིང་པོ་ཡི་ཁེ་ལས་ཀྱིས་ནམ་ཡང་མཇུག་མི་འགྲིལ་བའི་ཀོང་ཀྲོའུ་ཚོང་འདུས་གཏོད་པ་བརྒྱུད་རྣམ་པ་སྣ་ཚོགས་ཐོག་ནས་ཕྱི་ཕྱོགས་ཉོ་ཚོང་གི་ལས་སྒོ་གསར་པའི་ངོས་ནས་ཁྱབ་གདལ་བཏང་བ་དང་། ཁེ་ལས་ཀྱིས་ཕྱིར་འགྲོ་མི་དགོས་པའི་སྔོན་འགྲོའི་འོག་མུ་མཐུད་ང་ཚོའི་ཁྲོམ་ར་ཁྱབ་གདལ་དང་རྒྱ་སྐྱེད་གཏོང་རོགས་བྱ་རྒྱུ་རེད་ཅེས་གསུངས་པ་རེད།

སྤྱི་ཟླ་7པའི་ཚེས་1ཉིན་ནས་བཟུང་། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་པེ་ཅིང་དང་ཉིང་པོ་སོགས་འགག་སྒོ་བཅུར་མངའ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་ཁེ་ལས་ནས་ཁེ་ལས་ཀྱི་ཕྱིར་གཏོང་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཚོད་ལྟ་བྱས་པ་དང་། ཁེ་ལས་ཀྱིས་ཐོ་འགོད་ཐེངས་གཅིག་དང་། འབྲེལ་མཐུད་ས་ཆ་གཅིག རེ་ཞུ་སྟབས་བདེ་རུ་གཏོང་བ། སྔོན་ལ་ཞིབ་བཤེར་བྱེད་པ། འགག་སྒོ་བརྗེ་སྒྱུར་ཆོག་པ་སོགས་ཀྱི་སྟབས་བདེའི་བྱ་ཐབས་ལོངས་སྤྱོད་ཆོག་གི་ཡོད། སྤྱི་ཟླ་7པའི་ཚེས་16ཉིན་བར་སླེབས་དུས། ཉིང་པོ་འགག་སྒོས་མངའ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་ཁེ་ལས་ནས་ཁེ་ལས་ཀྱི་ཕྱིར་གཏོང་དངོས་ཟོག་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་ལས་བརྒལ་བ་ཞིབ་བཤེར་བྱས་ནས་བཏང་ཡོད།

བརྟན་པོ་དྲུག་དང་འགན་ལེན་དྲུག་གི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས། དཔལ་འབྱོར་སླར་གསོ་བརྟན་པོ་བྱུང་བ་དང་། ལེགས་པའི་ཕྱོགས་ཀྱི་རྒྱུ་རྐྱེན་ཡང་རྒྱུན་མཐུད་འཕར་ཡོད། སྤྱི་ཟླ་6པར། ཉིང་པོ་ཁེ་ལས་ནས་ཕྱིན་ཆད་ཟླ་བ་གཉིས་ནས་གསུམ་བར་གྱི་ཕྱིར་གཏོང་དུས་བབ་ལ་སེམས་ཤུགས་ཀྱིས་ཁེངས་པའི་སྟོན་གྲངས་སྤྱི་ཟླ་ལྔ་པ་དང་བསྡུར་ན་བརྒྱ་ཆའི་གནས་13.6འཕར་ཡོད། ཉིང་པོ་གྲོང་ཁྱེར་ཚོང་དོན་ཅུད་ཀྱི་འགོ་འཛིན་ཀྲང་ཡན་གྱིས། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཉོ་ཚོང་སྲུང་སྐྱོང་རིང་ལུགས་རྒྱ་ཡན་དུ་འགྲོ་བ་དང་རིམས་ནད་ཚབས་ཆེ་བའི་གནས་ཚུལ་འོག་འབད་བརྩོན་ཧུར་ཐག་བྱས་ཡོད་ལ་གྲུབ་འབྲས་ཀྱང་ཡག་པོ་ཐོབ་ཡོད། ལོ་སྨད་དུ་ང་ཚོས་ཉིང་པོ་ཡི་ཕྱི་ཕྱོགས་ཉོ་ཚོང་བས་འབད་བརྩོན་ཧུར་ཐག་བྱས་ཏེ་བློ་ཡིད་ཚིམས་པའི་འབྲས་བུ་ཐོབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有

ཀྲེ་ཅང་ཉིང་པོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཁྱད་དུ་བསད་ནས་ཕྱི་ཕྱོགས་ཉོ་ཚོང་གི་གཞི་རྩའི་ཁ་ཕྱོགས་བརྟན་པོ་ཡོང་བ་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས། ཉེན་ཁ་དང་གོ་སྐབས་ནི་ནམ་ཡང་མཉམ་གནས་ཡིན་པས། ཉེན་ཁ་སེལ་བ་ནི་གོ་སྐབས་གཏོད་པ་ཞིག་ཡིན། དབྱེ་ཞིབ་གཏིང་ཟབ་དང་། ཁྱོན་ཡོངས་ནས་བསམ་གཞིགས་བྱ་དགོས་པ་དང་། འགྱུར་ལྡོག་ལ་ངོས་འཛིན་གནད་འཕིགས་བྱེད་པ། ཚན་རིག་དང་མཐུན་པའི་ངང་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རང་འགུལ་ངང་འགྱུར་ལྡོག་ཡོང་ཐབས་