ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་ནས། འབད་བརྩོན་ཆེན་པོས་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་བརྟན་པོ་ཡོང་བའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་བསྟན།

2020-06-29 20:43:00     责编:sangjzm
ལི་ཁེ་ཆང་གིས་ཕྱི་ཕྱོགས་ཉོ་ཚོང་བརྟན་ལྷིང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་ནས། འབད་བརྩོན་ཆེན་པོས་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་བརྟན་པོ་ཡོང་བའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་སྟོན་གནང་བ། ཧན་ཀྲེང་ཚོགས་འདུར་ཞུགས་པ། 
སྤྱི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཕྱི་ཕྱོགས་ཉོ་ཚོང་བརྟན་ལྷིང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཚོགས་འདུར་ཞུགས་ཡོད་པ་རེད། 
ཚོང་དོན་པུའུ་དང་འགག་སྒོ་སྤྱི་ཁྱབ་ལས་ཁུས་ཀྱིས་མིག་སྔའི་ཕྱི་ཕྱོགས་ཉོ་ཚོང་གི་གནས་བབ་སྙན་སེང་ཞུས་པ་རེད། ཀ་ལན་ཧྲེ་དང་ཤར་ཕྱོགས་རྒྱལ་སྤྱི། ཏུང་རོན་ཚོགས་པ། ཧའོ་ཧྲེ་ཏ། ཀྲེ་ཡུས་ཆ་འཕྲིན། ཅ་དབྱི་ཀྲེ་ཡིའུ་སོགས་ཁེ་ལས་ཀྱི་འགན་འཁུར་མི་སྣས་བརྙན་མཐོང་ལམ་ནས་གཏམ་བཤད་སྤེལ་ཡོད་པ་རེད། ལི་ཁེ་ཆང་གིས་འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་ཀྱི་ལས་དོན་ཐད་གྲོས་འགོ་གང་ལེགས་འདོན་རྒྱུ་དང་ཞིབ་འཇུག་ནན་ཏན་བྱེད་དགོས་པ་དང་། ཁེ་ལས་དཀའ་གནད་ལས་སྒྲོལ་རྒྱུར་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད་པ་རེད།
ལི་ཁེ་ཆང་གིས། ལོ་འདི་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་འགོ་ཁྲིད་འོག ས་གནས་ཁག་དང་སྡེ་ཁག་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག ཧུར་བརྩོན་ཆེན་པོས་གོ་རིམ་ཡོད་པའི་སྒོ་ནས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་བས། ཉེ་བའི་ཟླ་བ་འགའ་ཤས་ནང་ཕྱི་ཕྱོགས་ཉོ་ཚོང་ཅུང་བརྟན་དུ་ཕྱིན་ཡོད། གོམས་སྟབས་རྗེས་མར་ཕྱི་ཕྱོགས་ཉོ་ཚོང་གི་ཁོར་ཡུག་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བས་ངེས་པར་དུ་སྔོན་དཔག་གང་ལེགས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་བཀོད་སྒྲིག་ལ་གཞིགས་པ། བརྟན་པོ་དྲུག་དང་འགན་ལེན་དྲུག་ལ་གཅིག་བསྡུས་བྱས་ཐོག གོང་འཕེལ་གྱི་སེམས་ཤུགས་བརྟན་དུ་གཏོང་བ་དང་། འབད་བརྩོན་ཆེན་པོས་དཀའ་གནད་ཀྱི་འགྲན་རྩོད་ལ་ཁ་གཏད་གཅོག་པ། ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་བརྟན་ལྷིང་དང་སྤུས་ཚད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལས་ཞུགས་འགན་ལེན་དང་དཔལ་འབྱོར་བརྟན་པོ་ཡོང་བར་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད། 
ལི་ཁེ་ཆང་གིས། ལས་ཞུགས་ལ་འགན་ལེན་དང་དམངས་འཚོར་འགན་ལེན། ཁྲོམ་རའི་གཙོ་གཟུགས་ལ་འགན་ལེན་བཅས་བྱེད་པར་དམིགས་དགོས་པ་དང་། སྲིད་གཞུང་ལས་དོན་སྙན་ཞུའི་ནང་སྟོན་པའི་ཁེ་ལས་ལ་རོགས་སྐྱོར་དང་དཀའ་ངལ་སེལ་རོགས་བྱེད་དགོས་པའི་སྲིད་ཇུས་དོན་འཁྱོལ་གང་ལེགས་བྱས་ཐོག ནང་མཁོ་རྒྱ་སྐྱེད་གཏོང་བ་དང་དུས་མཚུངས་སུ། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་བརྟན་པོ་ཡོང་བ་བྱེད་པའི་བྱེད་ཐབས་གསར་པ་ཞིབ་འཇུག་དང་འདོན་དགོས་པ་དང་། ལྷག་དོན་དུ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་ངལ་རྩོལ་རུབ་བསྡུས་ཆེ་བའི་ཁེ་ལས་ལ་སྲུང་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་གང་ལེགས་བྱེད་དགོས་པ་མ་ཟད། རྣམ་པ་ཆེ་གྲས་ཀྱི་རྐང་འཛིན་གྱིས་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་དཀའ་གནད་སེལ་རྒྱུར་རོགས་རམ་བྱེད་དགོས་པ་དང་། ལས་ཞུགས་དེ་བས་བརྟན་པོ་ཡོང་བ། ཕྱིར་གཏོང་ཁྲལ་སློག་མྱུར་ཚད་མགྱོགས་སུ་གཏོང་དགོས། ཡིད་རྟོན་དངུལ་བུན་དང་ཡིད་རྟོན་འགན་བཅོལ་སོགས་ལ་རྒྱབ་སྐྱོར་བྱེད་རྒྱུར་སྣེ་ཁྲིད་དང་ཤུགས་སྣོན་རྒྱག་དགོས། འགག་སྒྲོལ་སྟབས་བདེ་ཅན་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་ལས་དོན་བརྟན་པོ་ཡོང་བར་གཅིག་གྱུར་འཆར་འགོད་བྱས་ནས། རྒྱལ་སྤྱིའི་ཟོག་འདྲེན་བགྲོད་ལམ་ཤར་བགྲོད་ཐུབ་པ་བྱེད་དགོས། མངའ་ཁོངས་ལས་སྒྲོལ་བའི་གློག་རྡུལ་ཚོང་དོན་དང་ཕྱི་རྒྱལ་དུ་ཡོད་པའི་མཛོད། ཕྱི་ཕྱོགས་ཉོ་ཚོང་སྟེགས་བུ་སོགས་ལས་རྣམ་གསར་པ་གོང་འཕེལ་གཏོང་རྒྱུ་དང་། ཕྱི་ཕྱོགས་ཉོ་ཚོང་གི་འཕར་གནས་གསར་པ་གསོ་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།  
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་། 

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་ནས། འབད་བརྩོན་ཆེན་པོས་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་བརྟན་པོ་ཡོང་བའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་བསྟན།

ལི་ཁེ་ཆང་གིས་ཕྱི་ཕྱོགས་ཉོ་ཚོང་བརྟན་ལྷིང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་ནས། འབད་བརྩོན་ཆེན་པོས་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་བརྟན་པོ་ཡོང་བའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་སྟོན་གནང་བ། ཧན་ཀྲེང་ཚོགས་འདུར་ཞུགས་པ།