ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཀྱི་མ་ཟིན་ལ་གྲོས་ཞིབ་བྱས་པ།

2020-06-29 20:41:00     责编:sangjzm
སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པས་ཚོགས་ཆུང་ཁག་བགོས་ཀྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཀྱི་མ་ཟིན་ལ་གྲོས་ཞིབ་བྱས་པ་དང་། ལི་ཀྲེན་ཧྲུའུ་གྲོས་ཞིབ་ནང་ཞུགས་པ། 
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས28ཉིན་གྱི་སྔ་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པས་ཚོགས་ཆུང་ཁག་བགོས་གྲོས་ཚོགས་སྐོང་འཚོགས་བྱས་པ་རེད། 
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་འགའ་ཤས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འགའ་ཤས་བཅས་གྲོས་ཞིབ་ནང་ཞུགས་ཡོད་པ་རེད། ཚོགས་ཞུགས་མི་སྣས་ཡོངས་ཁྱབ་ཐོག་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ནས་བཏོན་པའི་བཅའ་ཁྲིམས་ཀྱི་འཆར་ཟིན་ཐེངས་གཉིས་པའི་གྲོས་ཞིབ་མ་ཟིན་དང་གྲོས་ཞིབ་ཀྱི་མཇུག་འབྲས་སྙན་ཞུས་ཤང་ཀང་ལས་རིགས་ཁག་གི་མི་སྣ་ཚུད་པའི་ཕྱོགས་ཁག་གི་བསམ་འཆར་ལ་ཞིབ་འཇུག་གང་ལེགས་དང་བསྡུ་ལེན་གང་དྲགས་བྱས་ཡོད་ཅིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་གཏན་འབེབས་ཀྱི་དགོངས་དོན་གང་ལེགས་མཚོན་པ་དང་། འབྲེལ་ཡོད་ཕྱོགས་ཁག་གི་དོ་ཁུར་བྱེད་སར་ལན་ཆ་བྱས་པ། འབྲེལ་ཡོད་ནང་དོན་ཞིབ་གླེང་གནད་ལ་འཕིགས་པ། ཞིབ་ཕྲའི་བྱ་ཐབས་ལ་དམིགས་ས་ཡོད་པ་དང་གོ་ཆོད་རང་བཞིན་ལྡན་པས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དོན་དངོས་གནས་ཚུལ་དང་མཐུན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད། 
ཚོགས་ཞུགས་མི་སྣས་ཡོངས་ཁྱབ་ཐོག འབྲེལ་ཡོད་བཅའ་ཁྲིམས་གང་མགྱོགས་འདོན་རྒྱུ་མ་ཟད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་སྤྱི་བསྒྲགས་ལག་བསྟར་བྱས་ཏེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བཅའ་ཁྲིམས་ཀྱི་མི་འདང་ས་དང་ལམ་ལུགས་ཀྱི་ཆད་ལྷག  ལས་དོན་གྱི་མི་འདང་བའི་ཆ་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས་པ་དང་། འབྲེལ་ཡོད་ཉེས་བསགས་བྱ་སྤྱོད་དང་བྱེད་སྒོར་རྡུང་རྡེག་ནུས་ལྡན་བཏང་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དེས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དར་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་ལ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གྲོང་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་ཡང་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད། 
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་། 
 

中央广播电视总台 央广网 版权所有

ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཀྱི་མ་ཟིན་ལ་གྲོས་ཞིབ་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས28ཉིན་གྱི་སྔ་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པས་ཚོགས་ཆུང་ཁག་བགོས་གྲོས་ཚོགས་སྐོང་འཚོགས་བྱས་པ་རེད།