ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པ་པེ་ཅིན་དུ་འཚོགས་པ།

2020-06-29 20:36:00     责编:sangjzm
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པས་སྤྱི་ཚེས་༢༨ཉིན་གྱི་སྔ་དྲོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་བྱས་པ་དང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།
གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཧྲེན་ཁྲུན་ཡའོ་ཡིས་གནང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་སྲུང་སྐྱོང་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་གསན་ཡོད།
གྲོས་ཚོགས་ཐོག་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཅང་པི་ཤིན་གྱིས་གནང་བའི་ཆེད་ཁེའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་བརྒྱབ་ཚུལ་སྐོར་གྱི་སྙན་སེང་གསན་ཡོད། འཆར་ཟིན་གྱི་མ་ཟིན་གཉིས་པའི་ནང་ཐོན་རྫས་ཁག་གཅིག་གི་ཕྱི་དབྱིབས་ཇུས་འགོད་ཐད་ཆེད་ཁེའི་སྲུང་སྐྱོབ་བྱེད་དགོས་པའི་གཏན་འབེབས་གསར་སྣོན་བྱས་པ་དང་། ཐོན་དབང་སྐུལ་སློང་དང་། ཆེད་ཁེའི་སྒོ་དབྱེའི་ཆོག་འཐུས། ཆེད་ཁེའི་སྲུང་སྐྱོབ། ཆེད་ཁེའི་རྩོད་གཞི་ཐག་གཅོད་སྒྲིག་གཞི་བཅས་སྐོར་གྱི་གཏན་འབེབས་སོགས་འཐུས་ཚང་བཟོས་ཡོད། 
གྲོས་ཚོགས་ཐོག་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཀྲོའུ་ཀོང་ཆོན་གྱིས་གནང་བའི་ནར་མ་སོན་པའི་མི་སྣར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་བརྒྱབ་ཚུལ་སྐོར་གྱི་སྙན་སེང་གསན་ཡོད། འཆར་ཟིན་གྱི་མ་ཟིན་གཉིས་པའི་ནང་སློབ་མའི་ཁུར་པོ་དང་སློབ་མའི་བདེ་འཇགས། སློབ་མར་བརྙས་བཅོས་ཕོག་པ་སོགས་ཐད་ཀྱི་གནད་དོན་བཅོས་སྒྲིག་བྱ་ཤུགས་ཆེ་རུ་གཏོང་བ་དང་། ཁྱིམ་ཚང་དང་སློབ་གྲྭ  དྲ་བའི་ཐོན་རྫས། ཞབས་ཞུ་མཁོ་འདོན་བྱེད་མཁན་དྲ་བའི་སྲུང་སྐྱོབ་འགན་འཁྲི དེ་བཞིན་འབྲེལ་ཡོད་གཙོ་འགན་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་སོགས་ཤུགས་ཆེར་བཏང་ཡོད།
གྲོས་ཚོགས་ཐོག་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཧུའུ་ཁོ་མིང་གིས་གནང་བའི་ཕྱིར་གཏོང་བཀག་སྡོམ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་བཟོ་བཅོས་བརྒྱབ་ཚུལ་སྐོར་གྱི་སྙན་སེང་གསན་ཡོད། འཆར་ཟིན་གྱི་མ་ཟིན་གཉིས་པའི་ནང་གནས་སྐབས་བཀག་སྡོམ་བྱས་པའི་དུས་བཀག་ཐིམ་རྗེས་ཐག་གཅོད་ཇི་ལྟར་བྱེད་དགོས་པ་དང་། འབྲེལ་ཡོད་བཀག་སྡོམ་རྣམ་པའི་ཕྱིར་གཏོང་ཆོག་འཐུས་ལེགས་སྒྲིག་བྱེད་པ། བཀག་སྡོམ་རྣམ་པའི་མཐའ་མའི་འཛད་སྤྱོད་པ་དང་མཐའ་མའི་སྤྱོད་སྒོ་དོ་དམ་བྱ་ཤུགས་ཆེ་རུ་གཏོང་བ་བཅས་ཁ་གསལ་བཟོས་ནས། འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁྲི་དང་དབང་ཆ་སོགས་སྔར་བས་ཁ་གསལ་བཟོས་ཡོད།
ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། སྔོན་འགོག་དང་ཉེས་གསོག་པར་ཆད་པ་གཅོད་པའི་དགོས་མཁོ་དང་འཚམ་མཐུན་ཡོང་ཆེད། ཨུ་ཡོན་ཀྲང་གྲོས་ཚོགས་ཐོག་ཉེས་ཁྲིམས་བཟོ་བཅོས་འཆར་ཟིན་(བཅུ་གཅིག་)ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་ཡོད། འཆར་ཟིན་ནང་ཉེས་ཁྲིམས་ཀྱི་དོན་ཚན་༣༠པར་་བཟོ་བཅོས་དང་ཁ་གསབ་བྱས་པ་དང་། བདེ་འཇགས་ཐོན་སྐྱེད་ཉེས་བསགས་སྔོན་འགོག་དང་དེར་ཆད་པ་གཅོད་ཤུགས་ཆེ་རུ་བཏང་བ། སྤྱི་ཚོགས་ཐོག་མངོན་གསལ་དོད་པའི་མཐོ་ས་ནས་ཅ་དངོས་འཕངས་པ་དང་། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་གནོད་འཚེ་བཟོ་བའི་ཉེས་བསགས་ཐད་གཏན་འབེབས་ཁ་གསལ་བཟོས་པ། བཟའ་བཅའ་དང་སྨན་རྫས་ཉེས་གསོག་ལ་ཆད་པ་གཅོད་པའི་གཏན་འབེབས་འཐུས་ཚང་བཟོས་པ། དངུལ་རྩའི་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བའི་ཉེས་བསགས་ཀྱི་གཏན་འབེབས་འཐུས་ཚང་བཟོས་པ། ཁེ་ལས་ཀྱི་ཐོན་དབང་ཐད་ཉེས་ཁྲིམས་ཀྱིས་སྲུང་སྐྱོབ་བྱ་ཤུགས་ཆེ་རུ་བཏང་བ། སྤྱི་པའི་འཕྲོད་བསྟེན་ཉེས་དོན་ཁྲིམས་སྐྱོང་འགན་སྲུང་ཤུགས་ཆེར་གཏོང་བ། སྣོད་བཅུད་ཁོར་ཡུག་སོགས་ཁྱབ་ཁོངས་གཞན་དག་གི་ཉེས་བསགས་གཏན་འབེབས་སོགས་བཟོ་བཅོས་དང་འཐུས་ཚང་དུ་བཏང་ཡོད། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་མངག་བཅོལ་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཉིང་གིས་འཆར་ཟིན་གྱི་གསལ་བཤད་གནང་ཡོད།
རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་ཆད་གཅོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་ཆེད། ཨུ་ཡོན་ཀྲང་གྲོས་ཚོགས་ཐོག་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་ཡོད། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་མངག་བཅོལ་ཐོབ་པ་བརྒྱུད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་ཨན་པིའོ་ཡིས་འཆར་ཟིན་གྱི་གསལ་བཤད་གནང་ཡོད།
གྲངས་གཞིའི་བདེ་འཇགས་ལ་འགན་སྲུང་དང་། གྲངས་གཞི་གསར་སྤེལ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་དམངས་དང་སྒྲིག་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱ་ཆེད། ཨུ་ཡོན་ཀྲང་གྲོས་ཚོགས་ཐོག་གྲངས་གཞིའི་བདེ་འཇགས་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་ཡོད། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་མངག་བཅོལ་ཐོབ་པ་བརྒྱུད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལེའུ་ཅུན་ཁྲེང་གིས་འཆར་ཟིན་གྱི་གསལ་བཤད་གནང་ཡོད་པ་རེད།
 
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པ་པེ་ཅིན་དུ་འཚོགས་པ།

གྲོས་ཚོགས་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཧྲེན་ཁྲུན་ཡའོ་ཡིས་གནང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་སྲུང་སྐྱོང་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་