ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཤང་ཀང་ལས་རིགས་ཁག་གི་མི་སྣས། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་དང་འཇིགས་སྐུལ་ནི་ཧམ་ཤེད་ཆེ་བའི་བྱེད་སྤྱོད་བསྙོན་མེད་ཅིག་ཡིན་པས། ཁོང་ཚོའི་ལྐོག་གཡོ་ལམ་ལྷོངས་ཡོང་མི་ཐུབ་ཅེས་བཤད་པ།

2020-06-29 20:31:00     责编:sangjzm
འདི་ག་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་གསལ། ཤང་ཀང་ལས་རིགས་ཁག་གི་མི་སྣས། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་འཛུགས་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་དང་འཇིགས་སྐུལ་ནི་ཧམ་ཤེད་ཆེ་བའི་བྱད་སྤྱོད་བསྙོན་མེད་ཅིག་ཡིན་པས། ཁོང་ཚོའི་བྱ་ངན་ལམ་ལྷོངས་ཡོང་མི་ཐུབ་ཅེས་བཤད་ཡོད་པ་རེད།
ཤང་ཀང་ལས་རིགས་ཁག་གི་བུད་མེད་མཉམ་འབྲེལ་མཐུན་སྦྱོར་ཡར་རྒྱས་ཚོགས་པའི་མཚན་འཛིན་ཚོགས་གཙོ་གཞོན་པ་ཅིང་ལིན་གྱིས། ཕྱི་ཕྱོགས་སྟོབས་ཤུགས་ཁག་གཅིག་གིས་ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་འཛུགས་ལ་གང་བྱུང་བཤད་པ་མ་ཟད། ཐ་ན་ཤང་ཀང་ལ་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་འུད་སྒྲོག་བྱས་ཡོད། ངའི་བསམ་པར་འདི་ནི་ཀྲུང་གོའི་ནང་སྲིད་ལ་མངོན་སུམ་འཛེམས་མེད་ངང་ཐེ་ཇུས་བྱས་པ་ཞིག་ཡིན་ལ། བྱེད་སྟངས་དེ་ཚོའི་ཐོག་ནས་ཁོང་ཚོའི་གཡོ་ཟོལ་ཆེ་བའི་ཚད་གཞི་ཉིས་བརྩེགས་ཀྱི་བྱེད་སྟངས་གསལ་པོ་མངོན་ཡོད།  ཁོང་ཚོའི་རེ་ངན་འགྲུབ་མི་ཐུབ་པ་ང་ལ་ཡིད་ཆེས་ཡོད་ལ།  ཤང་ཀང་གི་གྲོང་མིས་ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་འཛུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་བཤད་ཡོད།
ཤང་ཀང་ཀོང་ཏུང་ཚོགས་པའི་སྤྱི་ཁྱབ་ཚོགས་པའི་ཀྲུའུ་ཞི་ཀུང་ཅུན་ལུང་གིས། ཨ་རིའི་ཧམ་ཤེད་ཆེ་བའི་བྱད་སྤྱོད་འདི་རིགས་ལ། ངས་ཀོང་ཏུང་ཚོགས་པའི་སྤྱི་ཁྱབ་ཚོགས་པའི་ཁོངས་མི་ཁྲི་80ལྷག་ཙམ་གྱི་ཚབ་ཞུས་ཏེ་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན། ཀྲུང་དབྱང་གིས་ཐུགས་ཐག་ཆོད་པོས་ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་ལ་འབེབ་པ་ནི། ཤང་ཀང་ཟང་ཟིང་དང་དཀའ་ངལ་གྱི་གནས་ལས་སྒྲོལ་རོགས་བྱས་པ་ཞིག་ཡིན་པས། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་འཛུགས་གང་སྔ་གཏན་འབེབ་གནང་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་ཡོད། 
ཤང་ཀང་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཤང་ཀང་ཀྲུང་ཧྭ་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་ཀྱི་ཚོགས་གཙོ་ལིན་ལུང་ཨན་གྱིས། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཟེར་བར་ཁ་གཡར་ཏེ་བདེན་དོན་འཁྱོག་བཤད་བྱས་པ་དེ་ནི། དོན་དངོས་ཐོག་ང་ཚོའི་རྒྱལ་ཁབ་ཀྱི་བདག་དབང་ཁ་བྲལ་གཏོང་བ་ཞིག་རེད། ང་ཚོས་རྒྱལ་ཁབ་བདེ་འཇགས་ཁྲིམས་འཛུགས་གང་སྔ་དོན་འཁྱོལ་བྱས་ཏེ། ཤང་ཀང་ཉིད་བདེ་འཇགས་བརྟན་ལྷིང་གི་གནས་སུ་གང་མགྱོགས་ལོག་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད་ཡོད། 
ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཤང་ཀང་གིས་རྒྱལ་ཁབ་བདེ་འཇགས་ཁྲིམས་འཛུགས་ལ་སྲུང་སྐྱོང་གནང་བ་དེ་ནི་ཤང་ཀང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་བརྟན་ཐོག་ཡར་འཕེལ་ཡོང་རྒྱུར་རྒྱབ་སྐྱོར་ཆེན་པོ་བྱེད་པ་ཞིག་ཡིན་པས། འབྲེལ་ཡོད་བཅའ་ཁྲིམས་གང་སྔ་གཏན་འབེབ་དང་དོན་འཁྱོལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་ཡོད། 
ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་ཆབ་སྲིད་ལམ་ལུགས་དང་ནང་སའི་བྱ་དོན་ཅུས་ཀྱི་ཅུས་ཀྲང་ཙེང་གོ་ཝེ་ཡིས། སྲིད་གཞུང་གི་ལས་དོན་པ་ཞིག་གམ། ཤང་ཀང་གི་མང་ཚོགས་ཞིག ཡང་ན་ཀྲུང་གོའི་སྤྱི་དམངས་ཤིག་ཡིན་པའི་ངོས་ནས། ངའི་བསམ་པར་ལས་དོན་དེ་གང་སྔ་སྒྲུབ་དགོས་པའི་བྱ་བ་ཞིག་རེད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པ་དེ་ཤང་ཀང་གི་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་ཁྱད་མེད་ཅེས་བཤད་ཡོད་པ་རེད།  
ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་གཞུང་ཞབས་པའི་བྱ་དོན་ཅུས་ཀྱི་ཅུས་ཀྲང་ཉི་ཏེ་ཆོན་གྱིས། རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན། རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་དུ་ཁྲིམས་འཛུགས་བྱེད་པ་དང་། བཅའ་ཁྲིམས་ཁྲིམས་སྲོལ་འཛུགས་པ། ལག་བསྟར་ཁྲིམས་སྲོལ་འཛུགས་པ་བཅས་འདི་དག་ཚང་མའི་དམིགས་ཡུལ་ནི་བཅའ་ཁྲིམས་ཀྱི་སྟོང་ཆ་གསབ་ཆེད་ཡིན།  ངའི་བསམ་པར་འདི་ནི་ཤང་ཀང་གི་ཡུན་རིང་དར་རྒྱས་བརྟན་ལྷིང་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དོན་འཁྱོལ་ཡོང་རྒྱུར་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན་ཞེས་བཤད་ཡོད་པ་རེད། 
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།
 

中央广播电视总台 央广网 版权所有

ཤང་ཀང་ལས་རིགས་ཁག་གི་མི་སྣས། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་དང་འཇིགས་སྐུལ་ནི་ཧམ་ཤེད་ཆེ་བའི་བྱེད་སྤྱོད་བསྙོན་མེད་ཅིག་ཡིན་པས། ཁོང་ཚོའི་ལྐོག་གཡོ་ལམ་ལྷོངས་ཡོང་མི་ཐུབ་ཅེས་བཤད་པ།

ཤང་ཀང་ལས་རིགས་ཁག་གི་མི་སྣས། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་འཛུགས་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་དང་འཇིགས་སྐུལ་ནི་ཧམ་ཤེད་ཆེ་བའི་བྱད་སྤྱོད་བསྙོན་མེད་ཅིག་ཡིན་པས། ཁོང་ཚོའི་བྱ་ངན་ལམ་ལྷོངས་ཡོང་མི་ཐུབ་ཅེས་བཤད་ཡོད་པ་རེད།