ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྤྱི་ཟླ་5པར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོབས་ལྡོག་འཕར་བྱུང་བ།

2020-06-29 20:28:00     责编:sangjzm
སྤྱི་ཟླ་6པའི་ཚེས་28ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་སྤྱི་ཟླ་5པའི་རང་རྒྱལ་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོབས་གྲངས་གཞི་ཡོངས་བསྒྲགས་བྱས་ཡོད།  ཐོན་སྐྱེད་གཉེར་སྐྱོང་སྒྲིག་ལམ་རིམ་བཞིན་སླར་གསོ་ཐུབ་པ་དང་བསྟུན་ནས།  བཟོ་ལས་ཁེ་ལས་ཀྱི་ཕན་འབྲས་ལའང་རྒྱུན་མཐུད་ལེགས་བཅོས་བྱུང་བ་དང་།  གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཟླ་བ་དེའི་ཁེ་སྤོབས་འཕར་ཚད་ལྡོག་འཕར་བྱུང་ནས། ད་ལོའི་ཚུན་གྱི་མིག་མཐོང་ལག་ཟིན་གྱི་འཕར་ཐེངས་ཐོག་མ་དེར་གྱུར་ཡོད།
སྤྱི་ཟླ་5པར།  རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཡོངས་ལ་ཁེ་སྤོབས་སྒོར་དུང་ཕྱུར་5823དང་བྱེ་བ་4བྱུང་བ་དེ་ཟླ་བ་4པའི་དུས་མཚུངས་སྐབས་བརྒྱ་ཆ་4.3ཆག་པ་ནས་བརྒྱ་ཆ་6.0བར་འཕར་སྣོན་བྱུང་ཡོད།  རྒྱལ་སྲིད་སྤྱི་ཁྱབ་ཁང་ཚན་ཧྲི་ཁང་གི་དམིགས་གསལ་གདན་ཞུས་ཞིབ་འཇུག་པ་ཡའོ་ཅིང་ཡོན་གྱིས།  ཁེ་ལས་ཤིག་ལ་བརྡར་ཤ་གཅོད་དགོས་ན་གལ་འགངས་ཆེ་ཤོས་དེ་ནི་ཁེ་ལས་གང་དེའི་ཁེ་སྤོབས་གསོག་པའི་ནུས་པར་བལྟ་དགོས། ཁེ་སྤོབས་གསོག་པའི་ནུས་པ་དེའང་རྒྱུན་དུ་སྤྱི་ཁོག་དཔལ་འབྱོར་གྱི་ཁོར་ཡུག་ལ་ཐུགས་ཡོད།  དེར་བརྟེན།  སྤྱི་ཟླ་5པར་ང་ཚོའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ལ་ཁེ་སྤོབས་བྱུང་བ་དེ་ལས་ང་ཚོའི་ཐོན་སྐྱེད་སླར་གསོ་དང་དཔལ་འབྱོར་སླར་གསོའི་བྱ་ཐབས་ལ་ནུས་པ་ཐོན་ཏེ་རིམས་ནད་ལས་རྣམ་པར་རྒྱལ་ཞིང་། གྲུབ་འབྲས་གལ་ཆེན་ཐོབ་པ་མཚོན་ཡོད་ཅེས་གསུངས་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

སྤྱི་ཟླ་5པར་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོབས་ལྡོག་འཕར་བྱུང་བ།

སྤྱི་ཟླ་6པའི་ཚེས་28ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་སྤྱི་ཟླ་5པའི་རང་རྒྱལ་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོབས་གྲངས་གཞི་ཡོངས་བསྒྲགས་བྱས་ཡོད། ཐོན་སྐྱེད་གཉེར་སྐྱོང་སྒྲིག་ལམ་རིམ་བཞིན་སླར་གསོ་ཐུབ་པ་དང་བསྟུན་ནས། བཟོ་ལས་ཁེ་ལས་ཀྱི་ཕན་འབྲས་ལའང་རྒྱུན་མཐུད་ལེགས་བཅོས་བྱུང་བ་དང་། གཞི་ཁྱོན་ཡ