ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཤང་ཀང་དུ་བཅའ་སྡོད་ཕྱི་འབྲེལ་པུའི་ཀུང་ཧྲུའུ་ཡིས་ཨ་རིས་ཤང་ཀང་གི་བྱ་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བ།

2020-06-29 20:27:00     责编:sangjzm
ཨ་རིས་ཀྲུང་གོའི་དཔོན་རིགས་ལ་འཐུས་མཆན་བཀོད་པའི་ལག་ཁྱེར་གྱི་ཚད་བཀག་བྱ་ཐབས་བཟུང་རྒྱུ་ཡིན་ཞེས་པའི་བསྟན་པའི་ཐད།  ཤང་ཀང་དུ་བཅའ་སྡོད་ཕྱི་འབྲེལ་པུའི་ཀུང་ཧྲུའུ་ཡི་མགྲིན་ཚབ་པས་སྤྱི་ཚེས་27ཉིན།  ཨ་རིས་འཕྲལ་དུ་ནོར་འཁྲུལ་ཡོ་བསྲང་གིས་ཤང་ཀང་གི་བྱ་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བཙན་ཐབས་བྱ་སྤྱོད་བཟུང་མཚམས་འཇོག་དགོས་པའི་སྐུལ་མ་བྱས་ཡོད།
མགྲིན་ཚབ་པས།  ཨ་རིས་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་ཤང་ཀང་དམིགས་གསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་ལ་གཏོར་བཤིག་བཏང་ཡོད་ཅེས་སྐྱོན་འཛུགས་བྱས་པ་དེ་ནི་དཀར་ནག་གོ་ལྡོག་དང་། རང་མགོ་རང་གཡོག་རང་རེད། ཤང་ཀང་དང་འབྲེལ་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཛུགས་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད་ལ། དེ་ནི་ཤང་ཀང་ཉིད་མིག་སྔའི་དཀའ་གནད་ལ་སྒྲོལ་ཏེ་ཡུན་རིང་བདེ་འཁོད་ཐུབ་པའི་གཞི་རྩའི་འཐབ་ཇུས་ཤིག་ཀྱང་རེད།  ཀྲུང་གོ་སྲིད་གཞུང་གིས་ཤང་ཀང་དང་འབྲེལ་བའི་རྒྱལ་ཁབ་བདེ་འཇགས་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་།  རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་ལེན་བསྟར་བའི་ཆོད་སེམས།  ཕྱི་ཡུལ་གྱི་སྟོབས་ཤུགས་སུ་ཞིག་གིས་ཀྱང་ཤང་ཀང་གི་བྱ་དོན་ལ་ཐེ་ཇུས་བྱ་རྒྱུར་ངོ་རྒོལ་བྱེད་པའི་ཆོད་སེམས་བཅས་ལ་འགྱུར་བ་སྤུ་ཙམ་མེད་ཅེས་དང་།  མགྲིན་ཚབ་པས།  ཨ་རིར་གསལ་བཤད་ཞུ་རྒྱུ་ཞིག་ལ། ཤང་ཀང་ནི་ཀྲུང་གོའི་ཤང་ཀང་ཡིན་པ་དང་།  ཤང་ཀང་གི་བྱ་དོན་ནི་ཀྲུང་གོའི་ནང་སྲིད་ཡིན།  ཨ་རིས་ངེས་པར་དུ་ཤང་ཀང་གི་བྱ་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱ་ཐབས་མཐའ་དག་འཕྲལ་དུ་མཚམས་འཇོག་བྱེད་དགོས།  དེ་དང་རྒྱབ་འགལ་དུ་སོང་ན་ཀྲུང་གོས་འཕར་རྒོལ་ནན་པོ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།   
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

ཤང་ཀང་དུ་བཅའ་སྡོད་ཕྱི་འབྲེལ་པུའི་ཀུང་ཧྲུའུ་ཡིས་ཨ་རིས་ཤང་ཀང་གི་བྱ་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བ།

མགྲིན་ཚབ་པས། ཨ་རིས་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་ཤང་ཀང་དམིགས་གསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་ལ་གཏོར་བཤིག་བཏང་ཡོད་ཅེས་སྐྱོན་འཛུགས་བྱས་པ་དེ་ནི་དཀར་ནག་གོ་ལྡོག་དང་། རང་མགོ་རང་གཡོག་རང་རེད། ཤང་ཀང་དང་འབྲེལ་བའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་འཛུགས་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ