ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གུང་ཀྲུང་དབྱང་གིས་གྲ་སྒྲིག་དམག་ཞབས་དཔུང་སྡེའི་འགོ་ཁྲིད་སྒྲིག་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དཔར་འགྲེམ་བྱས་པ།

2020-06-29 20:24:00     责编:sangjzm
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་གྲ་སྒྲིག་དམག་ཞབས་དཔུང་སྡེའི་འགོ་ཁྲིད་སྒྲིག་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དཔར་འགྲེམ་བྱས་ཡོད་པ་རེད། 
གཏན་འབེབས་ནང་། སྤྱི་ལོ་2020ལོའི་ཟླ་7པའི་ཚེས་1ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང་། གྲ་སྒྲིག་དམག་ཞབས་དཔུང་སྡེ་ཁྱོན་ཡོངས་ནས་དམག་དཔུང་གི་འགོ་ཁྲིད་བཀོད་འདོམས་ཁོངས་གཏོགས་སུ་འཇུག་རྒྱུ་དང་། ད་ལྟ་ལག་བསྟར་བྱེད་པའི་དམག་དཔུང་དང་ས་གནས་ཀྱི་འགོ་ཁྲིད་ཉིས་བརྩེགས་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུར་ལེགས་སྒྲིག་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད། 
གཏན་འབེབས་ནང་། གྲ་སྒྲིག་དམག་ཞབས་དཔུང་སྡེ་ནི་མི་དམངས་བཅིངས་འགྲོལ་དམག་གི་གྲུབ་ཆ་ཞིག་ཡིན་པས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དང་། ཏང་གིས་མི་དམངས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཏང་གིས་དུས་རབས་གསར་པར་དམག་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱ་རྒྱུ། མི་དམངས་དམག་དཔུང་ཁྱོན་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲར་འཛུགས་སྐྲུན་བྱ་རྒྱུ་བཅས་ཀྱི་ཆེད་དུ། དམག་དཔུང་ནི་དམག་དཔུང་དང་། ཉེན་རྟོག་ནི་ཉེན་རྟོག དམངས་ནི་དམངས་བཅས་ཡིན་པའི་རྩ་དོན་གཞིར་བཟུང་། གྲ་སྒྲིག་དམག་ཞབས་དཔུང་སྡེའི་འགོ་ཁྲིད་སྒྲིག་གཞིར་ལེགས་སྒྲིག་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད། 
གཏན་འབེབས་ནང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ས་གནས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལ་གཞིགས་ནས་རྒྱལ་སྲུང་འཛུགས་སྐྱོང་འགན་འཁྲི་འཁུར་རྒྱུ་དང་། གྲ་སྒྲིག་དམག་ཞབས་དཔུང་སྡེ་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། དམག་དཔུང་དང་ས་གནས་ཀྱི་འབྲེལ་ཡོད་ཚན་པས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། རང་འགུལ་ངང་མཐུན་སྦྱོར་ཧུར་ཐག་བྱེད་པ། རོགས་འདེགས་མཉམ་རུབ་དམ་ཟབ་བྱེད་པ། འབྲེལ་ཡོད་ལས་དོན་ཞིབ་གཉེར་བྱེད་པ་བཅས་བྱས་ཏེ། གྲ་སྒྲིག་དམག་ཞབས་དཔུང་སྡེའི་འགོ་ཁྲིད་སྒྲིག་གཞི་བརྟན་པོའི་ངང་བརྗེ་སྒྱུར་དང་གོ་རིམ་ལྡན་པའི་ངང་འབྲེལ་མཐུད་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

中央广播电视总台 央广网 版权所有

ཀྲུང་གུང་ཀྲུང་དབྱང་གིས་གྲ་སྒྲིག་དམག་ཞབས་དཔུང་སྡེའི་འགོ་ཁྲིད་སྒྲིག་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དཔར་འགྲེམ་བྱས་པ།

གཏན་འབེབས་ནང་། སྤྱི་ལོ་2020ལོའི་ཟླ་7པའི་ཚེས་1ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་བཟུང་། གྲ་སྒྲིག་དམག་ཞབས་དཔུང་སྡེ་ཁྱོན་ཡོངས་ནས་དམག་དཔུང་གི་འགོ་ཁྲིད་བཀོད་འདོམས་ཁོངས་གཏོགས་སུ་འཇུག་རྒྱུ་དང་། ད་ལྟ་ལག་བསྟར་བྱེད་པའི་དམག་དཔུང་དང་ས་གནས་ཀྱི་འགོ་ཁྲིད་ཉིས་བརྩེགས་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུ