ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཉེ་དུས་ཆུ་ལོག་གནོད་འཚེ་ཚབས་ཆེན་ཐོན་པར་དམིགས་ནས་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་དང་འཕྲལ་སྒྲུབ་དོ་དམ་པུས་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གནོད་སེལ་འཕྲལ་སྒྲུབ་ལན་ཆ་ལག་བསྟར་བྱེད་འགོ་བཙུགས་པ།

2020-06-29 20:12:00     责编:sangjzm
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར།  རང་རྒྱལ་གྱི་འབྲི་ཆུའི་ལྷོ་རྒྱུད་དང་།  འབྲི་ཆུ་དང་ཧོའེ་ཧོ་གཙང་པོ་རྒྱུག་ཁུལ།  ལྷོ་ནུབ་ས་ཁུལ་བཅས་སུ་རྒྱུན་མཐུད་ངང་དྲག་ཆར་བབས་ཡོད།  རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་དང་འཕྲལ་སྒྲུབ་དོ་དམ་པུས་སྤྱི་ཚེས་28ཉིན་སི་ཁྲོན་དང་།  ཀུའེ་ཀྲོའུ།  ཧུའུ་ནན་བཅས་སུ་ཉེ་དུས་དྲག་ཆར་དང་ཆུ་ལོག་སོགས་ཀྱི་གནོད་འཚེ་ཚབས་ཆེན་ཐོན་པས་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གནོད་སེལ་འཕྲལ་སྒྲུབ་ལན་ཆ་ཛ་དྲག་ངང་ལག་བསྟར་བྱེད་འགོ་བཙུགས་ཏེ།  ལས་དོན་ཚོགས་ཆུང་གནོད་འཚེ་ཚབས་ཆེན་ཕོག་ཁུལ་གྱི་ས་ཡུལ་དངོས་སུ་གནོད་འཚེའི་གནས་ཚུལ་བརྟག་དཔྱད་བྱེད་པར་མངགས་པ་དང་།  ས་གནས་ཀྱིས་འབྲུབ་འགོག་གནོད་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱས་ཡོད་པ་རེད། ས་གནས་ཁག་གིས་ཁ་གཏད་ཧུར་ཐག་བཅག་པ་དེས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་ཐུབ་ཡོད།
སྤྱི་ཚེས་28ཉིན།  ཅང་སུའུ་ཞིང་ཆེན་གྱིས་ལྷགས་པ་ཆེན་པོའི་ཉེན་བརྡ་དང་།  དྲག་ཆར་གྱི་ཉེན་བརྡ་རིམ་པ་གསུམ་པ་བཏང་བ་དང་།  ཅང་སུའུ་ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་ཐའེ་ཧུའུ་མཚེའུའི་ཞོད་སྐྱོན་འགོག་པའི་འཕྲལ་སྒྲུབ་ལན་ཆ་རིམ་པ་བཞི་པ་བཏང་ཡོད།
སྤྱི་ཚེས་28ཉིན་གྱི་ཉིན་དགུང་ཆུ་ཚོད་11དང་སྐར་མ་37ཐོག  ཨན་ཧུའེ་ཞིང་ཆེན་གནམ་གཤིས་ཅུད་ཀྱིས་གནམ་གཤིས་གནོད་འཚེ་ཚབས་ཆེན་གྱི་འཕྲལ་སྒྲུབ་ལན་ཆར་འགྱུར་བ་བཏང་ནས་ལན་ཆ་རིམ་པ་བཞི་པ་ནས་གསུམ་པར་སྤར་ཡོད།  ཨན་ཧུའེ་ཞིང་ཆེན་ཁྲའོ་ཧུའུ་མཚེའུ་དང་།  ཤི་ཧོ་ཆུ་བོ་དང་དེའི་ཡན་ལག་ཆུ་བོ་ཀྲའོ་ཧོ་ཆུ་བོ་དང་ཡུང་ཨན་ཆུ་བོ།  ཧྥེང་ལེ་ཆུ་བོ་སོགས་ཆུ་བོ་དང་མཚེའུར་སྔ་རྗེས་སུ་ཉེན་ཁའི་ཚད་ཐིག་ལས་བརྒལ་བའི་ཆུ་ལོག་ཐོན་ཡོད།  ཧོ་ཧྥེ་སོགས་གྲོང་ཁྱེར་དྲུག་གིས་རིམ་རྩིས་བྱས་ན་མི་ཐེངས་ཆིག་ཁྲི་ཆིག་སྟོང་ཆུ་རགས་ལ་སྐོར་ཞིབ་དང་ཉེན་ཁར་ཞིབ་བཤེར་བྱེད་པར་སྒྲིག་འཛུགས་བྱས་པ་དང་།  མི་8174ས་ཆ་གཞན་དུ་གནས་སྤོ་བྱས་ཡོད།  ཨན་ཧུའེ་ཡིས་ས་གཤིས་གནོད་འཚེ་དང་ཤྭ་འོད་རྒྱུག་པའི་གནོད་འཚེའི་ཉེན་བརྡ་བཏང་ཡོད།
སྤྱི་ཚེས་28ཉིན།  ཧུའུ་པེ་ཞིང་ཆེན་གྱིས་ཆུ་ལོག་དང་ཐན་སྐྱོན་གནོད་འཚེ་འགོག་པའི་འཕྲལ་སྒྲུབ་ལན་ཆ་རིམ་པ་བཞི་པ་ལག་བསྟར་བྱེད་འགོ་བཙུགས་ཡོད།  གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་བར་གཞིགས་ན།  སྤྱི་ཚེས་29ཉིན་ཧུའུ་པེ་ཞིང་ཆེན་གྱི་ཆར་པ་འབབ་ཚད་མངོན་གསལ་དོད་པོས་ཆུང་དུ་འགྲོ་རྒྱུ་དང་།  སྤྱི་ཚེས་30ཉིན་སྤྲིན་པ་མང་པོ་འཁོར་རྒྱུ་ཡིན་པ་རེད།  ཧུའུ་པེ་ཞིང་ཆེན་འཕྲལ་སྒྲུབ་དོ་དམ་ཐིང་གིས་ཚན་པ་ཁག་ནས་འགན་འཁྲི་དོན་འཁྱོལ་བྱེད་པ་དང་།  གནམ་གཤིས་འགྱུར་བར་དོ་ཁུར་ཟབ་མོ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།  
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ། 
 

中央广播电视总台 央广网 版权所有

ཉེ་དུས་ཆུ་ལོག་གནོད་འཚེ་ཚབས་ཆེན་ཐོན་པར་དམིགས་ནས་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་དང་འཕྲལ་སྒྲུབ་དོ་དམ་པུས་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གནོད་སེལ་འཕྲལ་སྒྲུབ་ལན་ཆ་ལག་བསྟར་བྱེད་འགོ་བཙུགས་པ།

ཉིན་ཤས་བསྟུད་མར། རང་རྒྱལ་གྱི་འབྲི་ཆུའི་ལྷོ་རྒྱུད་དང་། འབྲི་ཆུ་དང་ཧོའེ་ཧོ་གཙང་པོ་རྒྱུག་ཁུལ། ལྷོ་ནུབ་ས་ཁུལ་བཅས་སུ་རྒྱུན་མཐུད་ངང་དྲག་ཆར་བབས་ཡོད། རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་དང་འཕྲལ་སྒྲུབ་དོ་དམ་པུས་སྤྱི་ཚེས་28ཉིན་སི་ཁྲོན་དང་། ཀུའེ་ཀྲོའུ། ཧུའུ་ནན་བཅས་སུ་ཉེ་དུས་དྲག་ཆར་དང་ཆུ་ལོག་སོགས་ཀྱི་གནོད་འཚེ་ཚབས་ཆེན་ཐོན་པས་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གནོད་སེལ་འཕྲལ་སྒྲུབ་ལན་