ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

པེ་ཅིང་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཆར་ཅན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ།

2020-06-29 20:06:00     责编:sangjzm
འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས28ཉིན། པེ་ཅིང་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཆར་ཅན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕེལ་རིམ་གསར་ཤོས་ཁྱབ་བསྒྲགས་བྱས་ཡོད།
ཁྱབ་བསྒྲགས་ཚོགས་འདུའི་ཐོག པེ་ཅིང་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་རིམས་བཤེར་བརྟག་ཞིབ་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། པེ་ཅིང་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀྲང་ཆང་གིས། སྤྱི་ཟླ6པའི་ཚེས28ཉིན་གྱི་ཆུ་ཚོད12བར་སླེབས་སྐབས། པེ་ཅིང་གྲོང་ཁྱེར་ཧྲིལ་པོས་རིམ་རྩིས་བྱས་ན་མི་ས་ཡ8དང་2འབུམ99000གྱི་ཉིང་སྐྱུར་བརྟག་དཔྱད་མ་དཔེ་བླངས་པ་དང་། མི་ས་ཡ7དང6འབུམ87000ལ་བརྟག་དཔྱད་བྱས་ཟིན་ཏེ། བརྟག་དཔྱད་བྱེད་དགོས་རིགས་ཚང་མར་བརྟག་དཔྱད་བྱས་ཟིན་པ་ངོ་སྤྲོད་གནང་ཡོད།
པེ་ཅིང་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུད་ཀྱི་ཅུད་ཀྲང་གཞོན་པ། གསར་འགྱུར་མགྲིན་ཚབ་པ་ཏུའུ་ཤིན་གྱིས། ཉིང་སྐྱུར་བརྟག་དཔྱད་ཀྱི་མ་གནས་དང་མང་ཚོགས་ཀྱི་འགྲོ་གྲོན་ཁུར་པོ་ཡང་དུ་གཏོང་ཆེད། བརྟག་ཞིབ་ཚོད་རྫས་ཀྱི་རིན་གོང་འགྱུར་ལྡོག་འགྲོ་ཚུལ་ལ་གཞིགས་ཏེ་པེ་ཅིང་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུད་ཀྱིས། འཕྲོད་བསྟེན་དང་ནོར་སྲིད་སོགས་ཚན་པ་དང་མཉམ་དུ་ཉིང་སྐྱུར་བརྟག་ཞིབ་བྱེད་པའི་རིན་གོང་ལེགས་སྒྲིག་བྱས་ཡོད། སྤྱི་ཟླ6པའི་ཚེས25ཉིན་ནས་བཟུང་། གྲོང་ཁྱེར་ཧྲིལ་པོའི་སྤྱི་པའི་སྨན་བཅོས་ཚན་པས་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་རིན་གོང་ཐེངས་རེར་སྒོར180ནས120བར་བཅག་པ་དང་། རིན་གོང་དེ་སྲིད་གཞུང་གིས་བསྟན་པའི་རིན་གོང་མཐོ་ཤོས་དེ་ཡིན་པས། སྨན་བཅོས་ཚན་པ་ཁག་གིས་དེ་ལས་མཐོ་བ་བསྡུ་ཆོག་གི་མེད་པ་རེད། འོན་ཀྱང་རང་ཕྱོགས་ཀྱི་གནས་ཚུལ་གཞིགས་ཏེ་རིན་གོང་ག་ཚོད་བཅག་ཀྱང་ཆོག་གི་ཡོད་ཅེས་ངོ་སྤྲོད་གནང་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས། 

中央广播电视总台 央广网 版权所有

པེ་ཅིང་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཆར་ཅན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ།

སྤྱི་ཚེས28ཉིན། པེ་ཅིང་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཆར་ཅན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕེལ་རིམ་གསར་ཤོས་ཁྱབ་བསྒྲགས་བྱས་ཡོད།