ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དཔལ་འབྱོར་སླར་གསོ་ཡོང་བ་བྱེད་པའི་བྲེལ་བས་རིམས་ནད་འགོག་སྲུང་ལ་སྣང་ཆུང་ཤོར་བ་དང་རིམས་ནད་ཆབ་སྲིད་ཅན་དུ་འགྱུར་བ་སོགས་ནི་ཨ་རིར་རིམས་ནད་བསྐྱར་ལོག་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་རེད་ཅེས་བསྟན་པ།

2020-06-29 19:58:00     责编:sangjzm
འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཨ་རིའི་ཡུའེ་ཧན་སི་ཧོ་ཧྥུ་ཅིན་སི་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། པེ་ཅིང་གི་དུས་ཚོད་སྤྱི་ཚེས29ཉིན་གྱི་ཆུ་ཚོད4དང་ཕྱེད་ཀ་བར་སླེབས་སྐབས། ཨ་རིར་ཏོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ་ས་ཡ2དང5འབུམ39544ཟིན་པ་དང་། འདས་གྲོངས་སོང་བའི་ནད་དཔེ1འབུམ25747ཟིན་ཡོད་པ་རེད།
ཨ་རིའི་དབྱེ་ཞིབ་མི་སྣས། དཔལ་འབྱོར་སླར་གསོ་ཡོང་བ་བྱེད་པའི་བྲེལ་བས་རིམས་ནད་འགོག་སྲུང་ལ་སྣང་ཆུང་ཤོར་བ་དང་རིམས་ནད་ཆབ་སྲིད་ཅན་དུ་འགྱུར་བ་སོགས་ནི་ཨ་རིར་རིམས་ནད་བསྐྱར་ལོག་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་རེད་ཅེས་བསྟན་ཡོད། དེ་དང་ཆབས་ཅིག་དབྱེ་ཞིབ་མི་སྣས། ཨ་རིའི་འདེམས་བསྐོ་ཆེན་མོ་འཁེལ་བའི་ལོ་འདིར། ཨ་རིའི་སྲིད་ཏང་གཉིས་ཀྱི་ཆབ་སྲིད་པས་རིམས་ནད་དང་དཔལ་འབྱོར་སོགས་ཀྱི་གྲོས་གཞིའི་ཐད་རང་འདོད་ཁོ་ན་བཟུང་ནས། རྦད་དེ་རྒྱབ་འགལ་དུ་སོང་བའི་རྣམ་འགྱུར་དང་དྲིལ་བསྒྲགས་བྱ་ཐབས་བཟུང་རྐྱེན། དམངས་འདོད་ཁ་བྲལ་དུ་སོང་བ་དང་། རིམས་ནད་འགོག་སྲུང་དང་དཔལ་འབྱོར་སླར་གསོ་གཉིས་འགལ་ཟླའི་གནས་སུ་ལྷུངས་ཡོད་ཅེས་བསྟན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有