ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྤྱི་ལོ་2021ལོའི་ལོ་མཇུག་གོང་འཛམ་གླིང་ལ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་དུང་ཕྱུར་20མཁོ་འདོན་བྱ་རྒྱུའི་འཆར་གཞི་ཡོད་པ།

2020-06-28 11:37:00     责编:sangjzm
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་26ཉིན་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཏོག་གསར་གློ་ཚད་འགོག་བཅོས་སྐོར་གྱི་རྒྱལ་སྤྱིའི་མཉམ་ལས་གྲོས་འགོ་ལག་བསྟར་བྱས་ཚུལ་ངོ་སྤྲོད་བྱས་ཡོད། གྲོས་གཞི་དེར་གཞིགས་ན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྤྱི་ལོ་2021ལོའི་ལོ་དཀྱིལ་གོང་དུ་ཡོང་འབབ་དམའ་འབྲིང་རྒྱལ་ཁབ་ལ་ཞིབ་དཔྱད་ཚད་ལེན་ཡོ་བྱད་དུང་ཕྱུར་5དང་སྨན་བཅོས་སྨན་རྫས་དུང་ཕྱུར་2དང་བྱེ་བ་4ས་ཡ་5མཁོ་འདོན་བྱ་རྒྱུ་མ་ཟད། སྤྱི་ལོ་2021ལོའི་ལོ་མཇུག་གོང་གོ་ལ་ཧྲིལ་པོར་རིམས་འགོག་སྨན་ཁབ་དུང་ཕྱུར་20མཁོ་འདོན་བྱ་རྒྱུའི་འཆར་གཞི་ཡོད། འོན་ཀྱང་འཆར་གཞི་དེ་མངོན་འགྱུར་བྱེད་པར་མ་འོངས་ཟླ་བ་12ནང་ཨ་སྒོར་དུང་ཕྱུར་313གྲབས་གསོག་བྱ་དགོས་ཀྱི་ཡོད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། མིག་སྔར་ཨ་སྒོར་དུང་ཕྱུར་34གྲབས་གསོག་བྱས་ཟིན་པ་དང་ད་དུང་ཨ་སྒོར་དུང་ཕྱུར་279ཡི་མ་དངུལ་འདང་གི་མེད་ཅེས་བསྟན་ཡོད་པ་རེད།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་དབུ་བཞུགས་ཚན་རིག་མཁས་པ་སི་ཝ་སྨི་ན་ཐན་གྱིས། མིག་སྔར་འཛམ་གླིང་ཡོངས་སུ་འདེམས་སྒུག་རིམས་འགོག་སྨན་200ལས་བརྒལ་བ་ཡོད་པ་དང་། དེའི་ཁྲོད་ཀྱི་15མིའི་གཟུགས་པོའི་ཐོག་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱེད་བཞིན་ཡོད་ཅིང་། དེའི་ནང་ཀྲུང་གོའི་རིམས་འགོག་སྨན་ཁབ་ཁ་ཤས་ཚུད་ཡོད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཀྲུང་གོའི་རིམས་འགོག་སྨན་ཞིབ་འཇུག་གསར་སྤེལ་ཚོགས་པ་མང་པོ་དང་མཉམ་ལས་སྔར་ལས་ལྷག་པ་བྱ་ཆེད་གྲོས་བསྡུར་བྱས་པ་མ་ཟད། ནད་ཐོག་ཚོད་ལྟ་བྱ་རྒྱུར་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་རྒྱུ་ཡིན་ཞེས་ཟུར་གསལ་བྱས་ཡོད་པ་རེད།
ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྤྱི་ལོ་2021ལོའི་ལོ་མཇུག་གོང་འཛམ་གླིང་ལ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་དུང་ཕྱུར་20མཁོ་འདོན་བྱ་རྒྱུའི་འཆར་གཞི་ཡོད་པ།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་26ཉིན་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཏོག་གསར་གློ་ཚད་འགོག་བཅོས་སྐོར་གྱི་རྒྱལ་སྤྱིའི་མཉམ་ལས་གྲོས་འགོ་ལག་བསྟར་བྱས་ཚུལ་ངོ་སྤྲོད་བྱས་ཡོད། གྲོས་གཞི་དེར་གཞིགས་ན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྤྱི་ལོ་2021