ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཤང་ཀང་གི་ལས་རིགས་ཁག་གི་མི་སྣས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱས་ཏེ། ཤང་ཀང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་འཛུགས་ལ་སྲུང་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ།

2020-06-28 11:35:00     责编:sangjzm
འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྟོད་པས“ཤང་ཀང་རང་སྐྱོང་ཁྲིམས་གཞི”ཟེར་བ་དེར་གྲོས་འཆམ་བྱས་པར་དམིགས་ཏེ། ཤང་ཀང་གི་ལས་རིགས་ཁག་གི་མི་སྣས། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱས་ཏེ། ཤང་ཀང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་འཛུགས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་མགྲིན་ཚབ་པས་སྤྱི་ཚེས་26ཉིན། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྟོད་པས་གྲོས་འཆམ་བྱས་པའི“ཤང་ཀང་གི་རང་སྐྱོང་ཁྲིམས་གཞི་”ཟེར་བ་དེ་དང་“བཀག་སྡོམ་”ཟེར་བ་དེ་དང་ལེན་གཏན་ནས་བྱེད་ཐབས་བྲལ་བ་དང་། ཤང་ཀང་དམིགས་བསལ་ཁུལ་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྩ་དོན་དོན་འཁྱོལ་ཇི་ལྟར་བྱ་རྒྱུ་ནི་ཀྲུང་གོའི་ནང་ཁུལ་གྱི་བྱ་དོན་ཡིན་པ་ལས།  རྒྱལ་ཁབ་གཞན་དག་གང་ཞིག་ལའང་ཐེ་ཇུས་བྱེད་དབང་མེད་ཅེས་གསུངས་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཐན་ཡའོ་ཙུང་གིས། ངའི་བསམ་པར་ཁོ་ཚོའི་ཚད་གཞི་ཉིས་བརྩེགས་ནི་ཧ་ཅང་ཐལ་དྲགས་པ་དང་། ཡང་སྒོས་སུ་ཨ་རིས་ལག་པ་བརྐྱངས་རྒྱུ་རིང་དྲགས་པ་རེད། མ་གཞི་ནས་ཤང་ཀང་གི་བྱ་དོན་ཁོང་ཚོ་དང་འབྲེལ་བ་སྤུ་ཙམ་མེད། ངའི་བསམ་པར་དོན་དག་མང་པོ་ཞིག་གི་ཐད་ཁོང་ཚོ་ཧམ་སེམས་ཆེ་ལ་ངོ་ཚ་མི་འདུག་སྙམ།  རྗེས་སུ་ང་ཚོར་དེའི་ཐད་ཀྱི་བཅའ་ཁྲིམས་ཡོད་པས།   ཁོང་ཚོར་མུ་མཐུད་འདི་ལྟར་བྱེད་དུ་འཇུག་མི་སྲིད་ཅེས་གསུངས་ཡོད། 
ཤང་ཀང་གི་རིག་མཛོད་ཤང་ཅང་ཀྲི་ཧུའེ་ཡི་ཚོགས་གཙོ་ཀྲོའུ་པོ་ཀྲན་གྱིས། ངོ་རྒོལ་ཟེར་བ་དེ་དང་། བཀག་སྡོམ་ཟེར་བ་དེ་ཚོ་ནི་ཁུངས་ལུང་མེད་པ་ཞིག་རེད། དང་པོ། ཤང་ཀང་དང་འབྲེལ་བ་ཡོད་པའི་གནད་དོན་ནི་ང་ཚོའི་ནང་སྲིད་ཡིན། གཉིས་པ། ཁོ་ཚོ་རང་ཉིད་ལ་ཡང་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཡོད་པས། ཨ་རིས་སྔ་ས་ནས་བཤད་ཆོག་པ་དང་། ང་ཚོས་རང་ཉིད་ཀྱི་རྒྱལ་ཁབ་ལ་སྲུང་སྐྱོབ་བྱེད་མི་ཆོག་པ་རྒྱུ་མཚན་ཅི་ཡིན་ཞེས་གསུངས་ཡོད། 
“ཤང་ཀང་སླར་ཡང་རྡོག་ཐོན་བྱེད་ཅེས་པའི་མནའ་འབྲེལ་ཆེན་པོའི”གྲོས་འགོ་འདོན་མཁན་གྲས་སུའུ་ཡུང་ཨན་གྱིས། འདས་ཟིན་པའི་ལོ་གཅིག་རིང་གི་སྲོལ་ཡིག་བཟོ་བཅོས་ལས་འགུལ་ལ་ཨ་རིས་གནོད་པ་ཆེན་པོ་བསྐྱལ་ཡོད། ད་ལྟ་ང་ཚོའི་རྒྱལ་ཁབ་ཀྱིས་སོ་སོའི་བྱ་དོན་སོ་སོས་ཐག་གཅོད་གནང་སྐབས། ཨ་རིས་ཡང་དེར་ངོ་རྒོལ་བྱས་ཡོད། དོན་དངོས་ཐོག་ཤང་ཀང་གི་གྲོང་མི་ཚང་མ་བདེན་རྫུན་དབྱེ་འབྱེད་ཐུབ་མཁན་ཤ་སྟག་ཡིན་པས། ཨ་རིའི་ལྐོག་གཡོ་ལམ་ལྷོངས་ཡོང་མི་སྲིད་ཅེས་གསུངས་ཡོད།
ཞང་ཀང་ཨན་ཧུའེ་མཉམ་འབྲེལ་སྤྱི་ཁྱབ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཝུའུ་ཀྲི་པིན་གྱིས། ང་ཚོས་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་གང་མགྱོགས་ཡོངས་བསྒྲགས་དང་ལག་བསྟར་བྱ་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་གང་མགྱོགས་ཡོངས་བསྒྲགས་དང་ལག་བསྟར་བྱས་པ་དེས་འགོག་རྐྱེན་ཆེན་པོ་འཕྲད་པའི་ཤང་ཀང་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཐུབ་ལ། ང་ཚོའི་ཤང་ཀང་གི་གྲོང་མི་རྣམས་བློ་བདེ་པོའི་ངང་འཚོ་བ་སྐྱེལ་ཐུབ་པ་དང་། བློ་བདེའི་ངང་ལས་ཀ་བྱེད་ཐུབ་པ། བློ་རྩེ་གཅིག་སྒྲིམ་གྱིས་བྱ་བ་སྒྲུབ་ཐུབ་ཅེས་གསུངས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།
 

中央广播电视总台 央广网 版权所有

ཤང་ཀང་གི་ལས་རིགས་ཁག་གི་མི་སྣས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱས་ཏེ། ཤང་ཀང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་འཛུགས་ལ་སྲུང་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྟོད་པས“ཤང་ཀང་རང་སྐྱོང་ཁྲིམས་གཞི”ཟེར་བ་དེར་གྲོས་འཆམ་བྱས་པར་དམིགས་ཏེ། ཤང་ཀང་གི་ལས་རིགས་ཁག་གི་མི་སྣས། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱས་ཏེ། ཤང་ཀང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་འཛུགས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། ཤང་ཀ