ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

གུང་གསེང་ཉིན་གསུམ་རིང་རྒྱལ་ཡོངས་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4880.9ལ་སྣེ་ལེན་ཞུས་པ།

2020-06-28 11:22:00     责编:sangjzm
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རིག་གནས་དང་ཡུལ་སྐོར་པུའུ་ཡི་བསྡོམས་རྩིས་ལྟར་ན། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་ཉིན་གསུམ་རིང་རྒྱལ་ཡོངས་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4880.9ལ་སྣེ་ལེན་ཞུས་ཡོད་ཅིང་། དུས་མཚུངས་དང་བསྡུར་ན་བརྒྱ་ཆ་50.9སླར་གསོ་བྱུང་ཡོད་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་122དང་བྱེ་བ་8ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་31.2སླར་གསོ་བྱུང་ཡོད། སྒེར་གྱི་རླངས་འཁོར་བཏང་ནས་ཡུལ་སྐོར་དུ་བསྐྱོད་པ་དང་གྲོང་ཁྱེར་མཐའ་འཁོར་གྱི་ཡུལ་སྐོར། རིག་གནས་སོས་དལ་ཡུལ་སྐོར་བཅས་ཀྱིས་ཡུལ་སྐོར་ཁྲོམ་ར་གོ་རིམ་ལྡན་པའི་ངང་སླར་གསོ་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། རིག་གནས་ཤུལ་བཞག་ལ་ཡུལ་སྐོར་བས་དགའ་པོ་བྱེད་པ་དང་སྲོལ་རྒྱུན་རིག་གནས་མཉམ་འདྲེས་དེ་དར་སོ་ཆེ་བའི་གཞི་རྒྱུ་གསར་པ་ཞིག་ཏུ་གྱུར་ཡོད། བརྒྱ་ཆ་92.4ཟིན་པའི་ཡུལ་སྐོར་བས་རིག་གནས་བྱེད་སྒོ་སྣ་ཚོགས་ཉམས་ལེན་བྱས་ཡོད་པ་དང་། དེའི་ནང་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ་ཡུལ་སྐོར་དུ་བསྐྱོད་པའི་བསྡུར་ཚད་མཐོ་ཤོས་ཡིན་པ་དང་། བརྒྱ་ཆ་44.7ཟིན་ཡོད། སྔོན་མངགས་དང་། བཟའ་འཐུང་ལོག་དབྱེ། བར་ཐག་སྨི་གཅིག་འཇོག་པ་སོགས་ཡུལ་སྐོར་འཛད་སྤྱོད་ཀྱི་བདེ་འཇགས་འདུ་ཤེས་སྔར་བས་ཆེ་རུ་ཕྱིན་ཐོག བདེ་འཇགས་དང་། དཔལ་ཡོན། གོ་རིམ་ལྡན་པ་བཅས་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དང་ཡུལ་སྐོར་བས་ཡོངས་ཁྱབ་ཏུ་བརྩི་སྲུང་ཞུ་བའི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཏུ་གྱུར་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有

གུང་གསེང་ཉིན་གསུམ་རིང་རྒྱལ་ཡོངས་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4880.9ལ་སྣེ་ལེན་ཞུས་པ།

རིག་གནས་དང་ཡུལ་སྐོར་པུའུ་ཡི་བསྡོམས་རྩིས་ལྟར་ན། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་ཉིན་གསུམ་རིང་རྒྱལ་ཡོངས་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4880.9ལ་སྣེ་ལེན་ཞུས་ཡོད་ཅིང་། དུས་མཚུངས་དང་བསྡུར་ན་བརྒྱ་ཆ་50.9སླར་གསོ་བྱུང་ཡོད་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་122དང་བྱེ་བ་8ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ