ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧྲང་ཆིའུ་དང་། ཧོ་ཧྥེ། ཧང་ཀྲོའུ་ཡི་མྱུར་བགྲོད་ལྕགས་ལམ་གྱི་ཧོ་ཧྥེ་ནས་ཧུའུ་ཀྲོའུ་ལམ་ཐིག་སྤྱི་ཚེས28ཉིན་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད།

2020-06-28 11:21:00     责编:sangjzm
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་བར་དུ་ཧྲང་ཆིའུ་དང་། ཧོ་ཧྥེ། ཧང་ཀྲོའུ་ཡི་མྱུར་བགྲོད་ལྕགས་ལམ་གྱི་ཧོ་ཧྥེ་ནས་ཧུའུ་ཀྲོའུ་ལམ་ཐིག་སྤྱི་ཚེས་28ཉིན་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད་པ་དང་། དེའི་ཐོག་ནས་ཧྲང་ཆིའུ་དང་། ཧོ་ཧྥེ། ཧང་ཀྲོའུ་ཡི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་པ་མཚོན་གྱི་ཡོད་པ་རེད། ཧྲང་ཆིའུ་དང་། ཧོ་ཧྥེ། ཧང་ཀྲོའུ་ཡི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་པེ་ཅིན་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་གི་འགྲུལ་སྐྱེལ་གནོན་ཤུགས་ཆུང་དུ་ནུས་ལྡན་བཏང་ནས་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་ཡིན་པ་རེད།
ཧྲང་ཆིའུ་དང་། ཧོ་ཧྥེ། ཧང་ཀྲོའུ་ཡི་མྱུར་བགྲོད་ལྕགས་ལམ་གྱི་ཧོ་ཧྥེ་ནས་ཧུའུ་ཀྲོའུ་བར་གྱི་ལམ་ཐིག་དེ་ནི་ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་ཧྥེ་ཏུང་རྫོང་ནས་འགོ་ཚུགས་པ་དང་། མ་ཨན་ཧྲན་གྲོང་ཁྱེར་གྱི་ཧན་ཧྲན་རྫོང་ནས་ཝུའུ་ཧུའུ་གྲོང་ཁྱེར་དང་ཤོན་ཁྲེང་གྲོང་ཁྱེར་བརྒྱུད་དེ་ཀྲེ་ཅང་ཞིང་ཆེན་གྱི་ཧུའུ་ཀྲོའུ་གྲོང་ཁྱེར་བར་ཡིན་པ་དང་། ལམ་ཐིག་ཧྲིལ་པོར་སྤྱི་ལེ་309ཟིན་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཟིན་ཡོད། ཧྲང་ཆིའུ་དང་། ཧོ་ཧྥེ། ཧང་ཀྲོའུ་ཡི་མྱུར་བགྲོད་ལྕགས་ལམ་གྱི་ཧོ་ཧྥེ་ནས་ཧུའུ་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་བྱས་པ་དེས་ཀྱང་ཧྲང་ཆིའུ་དང་། ཧོ་ཧྥེ། ཧང་ཀྲོའུ་ཡི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ཡོད་ཅིང་། མཚམས་དེར། ཧོ་ནན་དང་། ཨན་ཧུའེ། ཀྲེ་ཅང་བཅས་ཞིང་ཆེན་གསུམ་གྱི་མྱུར་བགྲོད་ལྕགས་ལམ་སྦྲེལ་མཐུད་ཐུབ་ཡོད་པ་རེད། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིས། སྤྱི་ཟླ་6ཚེས་28ཉིན་ནས་སྤྱི་ཟླ་6ཚེས་30ཉིན་བར་ཧྲང་ཆིའུ་དང་། ཧོ་ཧྥེ། ཧང་ཀྲོའུ་ཡི་མྱུར་བགྲོད་ལྕགས་ལམ་གྱི་ཧོ་ཧྥེ་ནས་ཧུའུ་ཀྲོའུ་བར་གྱི་དུམ་བུ་ཤར་གཏོང་ཐུབ་ནས། བར་བརྒལ་དུས་མཚམས་ཀྱི་ལས་གཉེར་བྱེད་འགོ་ཚུགས་ཡོད། ཉིན་ལྟར་ཤུགས་འགྲེམས་མེ་འཁོར་ཐེངས་8བཀོད་སྒྲིག་བྱེད་ཀྱི་ཡོད་པ་དང་། སྤྱི་ཟླ་7ཚེས་1ཉིན་ནས་བཟུང་། ཉིན་རེར་མང་ཤོས་སྐབས་ཤུགས་འགྲེམས་མེ་འཁོར་60.5ཤར་གཏོང་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
ཧྲང་ཆིའུ་དང་། ཧོ་ཧྥེ། ཧང་ཀྲོའུ་ཡི་མྱུར་བགྲོད་ལྕགས་ལམ་ནི་རང་རྒྱལ་གྱི་རེས་སྐོར་གསར་པའི་ལྕགས་ལམ་འཛུགས་སྐྲུན་ཁྲོད་ཇུས་འགོད་ཀྱི་ཚད་གཞི་མཐོ་ཤོས་དང་ལམ་ཐིག་རིང་ཤོས་ཀྱི་རྣམ་གྲངས་གྲས་ཤིག་ཡིན་ཞིང་། ལག་རྩལ་གྱི་ཚད་གཞི་མཐོ་བ་དང་། འབྲེལ་མཐུད་ཀྱི་འབྲེལ་བ་རྙོག་འཛིང་ཆེ་བ། ཟམ་པའི་གྲུབ་ཆ་རྙོག་འཛིང་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།  ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཁང་བཞི་པའི་ཧྲང་ཆིའུ་དང་། ཧོ་ཧྥེ། ཧང་ཀྲོའུ་ཡི་མྱུར་བགྲོད་ལྕགས་ལམ་གྱི་ཇུས་འགོད་འགན་འཁུར་བ་ཞུས་པའོ་ཧུང་གིས། ལྷག་པར་དུ།  སྨི་324ཡོད་པའི་ཡུས་ཞི་ཧོ་ཆུ་བོའི་ཟམ་ཆེན་གྱི་ཟམ་ངོས་སུ་རང་རྒྱལ་གྱི་རང་བརྟེན་ཤེས་བྱའི་བདག་དབང་གི་CRTSIIIདབྱིབས་ཅན་གྱི་འཁོར་ལམ་བཏིང་ཡོད་པ་དེ་ནི་རང་རྒྱལ་གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཟིན་པའི་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་ཁྲོད་ཐེངས་དང་པོར་སྨི་300ཡན་གྱི་ཟམ་ཆེན་སྒྲོལ་བའི་ནང་འཁོར་ལམ་ཐོག་ལྕགས་ལམ་གྱི་ཁ་རྡེའུ་མེད་པའི་ལམ་བུ་བཏིངས་ཡོད་ཅིང་། དེས་འཛམ་གླིང་གི་སྨི་300ཡན་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཟམ་པའི་མྱུར་ཚད་མགྱོགས་ཤོས་བཏོད་ཁར། ཀྲུང་གོའི་སྨི་སུམ་བརྒྱ་ཡན་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཟམ་པ་དེ་མྱུར་ཚད་སྨི་350ཟིན་པའི་ཟིན་ཐོ་བཏོད་ཡོད་ཅེས་གསུངས་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有

ཧྲང་ཆིའུ་དང་། ཧོ་ཧྥེ། ཧང་ཀྲོའུ་ཡི་མྱུར་བགྲོད་ལྕགས་ལམ་གྱི་ཧོ་ཧྥེ་ནས་ཧུའུ་ཀྲོའུ་ལམ་ཐིག་སྤྱི་ཚེས28ཉིན་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད།

ད་བར་དུ་ཧྲང་ཆིའུ་དང་། ཧོ་ཧྥེ། ཧང་ཀྲོའུ་ཡི་མྱུར་བགྲོད་ལྕགས་ལམ་གྱི་ཧོ་ཧྥེ་ནས་ཧུའུ་ཀྲོའུ་ལམ་ཐིག་སྤྱི་ཚེས་28ཉིན་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད་པ་དང་། དེའི་ཐོག་ནས་ཧྲང་ཆིའུ་དང་། ཧོ་ཧྥེ། ཧང་ཀྲོའུ་ཡི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་པ་མཚོན་གྱི་ཡོད་པ་རེད། ཧྲང་ཆིའུ་དང་། ཧོ་ཧྥེ། ཧང་ཀྲོའུ་ཡི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ