ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

པེ་ཅིང་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་གནས་ཚུལ།

2020-06-28 11:15:00     责编:sangjzm
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༧ཉིན་གྱི་ཕྱི་དྲོ། པེ་ཅིང་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་༡༣༤པ་སྐོང་འཚོགས་བྱས་པ་དང་། སྤྱི་ཚེས་༢༥ཉིན་ནས་བཟུང་པེ་ཅིང་གྲོང་ཁྱེར་གྱིས། ཁུལ་ཁག་ནས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་གི་སྐྲ་བཞར་དང་མཛེས་བཟོའི་ལས་རིགས་ཀྱི་རིམས་འགོག་བདེ་འཇགས་སྐོར་ལ་ལེབ་བཤེར་བྱེད་པའི་ལས་དོན་སྤེལ་ཡོད། དེའི་ནང་ཚོང་གཉེར་བྱ་ཡུལ་ལ་དུག་སེལ་བྱེད་པ་དང་། འབྲེལ་ཡོད་མི་སྣར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱ་རྒྱུ་ཚུད་ཡོད་པ་རེད།
པེ་ཅིང་གྲོང་ཁྱེར་ཚོང་དོན་ཅུད་ཀྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཝང་ཧུང་ཚུན་གྱིས།   སྤྱི་ཚེས་༢༦ཉིན་གྱི་ཆུ་ཚོད་༢༤བར་དུ།   གྲོང་ཁྱེར་ཡོངས་ཀྱིས་སྐྲ་བཞར་དང་མཛེས་བཟོའི་ཁེ་གཉེར་ཚན་པ་ཆིག་ཁྲི་སྟོང་མེད་བདུན་བརྒྱ་དྲུག་བཅུ་རེ་ལྔ་ལ་ལེབ་བཤེར་བྱས་པ་དང་།    ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་པའི་མི་གྲངས་ཉིས་ཁྲི་དྲུག་སྟོང་ཉིས་བརྒྱ་བརྒྱད་ཅུ་གྱ་དྲུག་ཟིན་པ།   ཞིབ་དཔྱད་ཚད་ལེན་བྱས་འབྲས་དོན་ཟིན་པའི་མི་གྲངས་ཆིག་ཁྲི་ཉིས་སྟོང་སུམ་བརྒྱ་ལྔ་བཅུ་ཟིན་པ་དང་།    ཚང་མ་སྲིབ་གཤིས་ཡིན་པ་རེད།   
པེ་ཅིང་གྲོང་ཁྱེར་ཚོང་དོན་ཅུད་ཀྱིས་དུས་ཐོག་ཏུ་༼སྐྲ་བཞར་དང་མཛེས་བཟོའི་ལས་རིགས་ཀྱི་ཚོང་གཉེར་ཞབས་ཞུའི་ཕྱོགས་སྟོན་༽ཞེས་པར་བཟོ་བཅོས་རྒྱབ་པ་དང་།   སྐྲ་བཞར་དང་མཛེས་བཟོའི་ལས་རིགས་ཀྱིས་ནན་པོ་དགུ་ཡི་ཚད་གཞི་ལྟར་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་།    རིམ་པ་གཉིས་པའི་བླང་བྱ་ལྟར་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལྟར་ལག་བསྟར་བྱ་རྒྱུའི་བླང་བྱ་བཏོན་ཡོད།   གསར་དུ་བཟོ་བཅོས་རྒྱབ་པའི་ཕྱོགས་སྟོན་གཞིར་བཟུང་།    རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱ་རྒྱུའི་ཐད་ཁ་གསལ་བའི་བླང་བྱ་བཏོན་ཡོད།
ཁྱབ་བསྒྲགས་ཚོགས་འདུའི་ཐོག   ཀྲུང་གོ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཞིབ་འཇུག་པ་ཝང་ལི་ཕིང་གིས་དྲུག་སྦྲང་གིས་སོ་རྒྱབ་རྗེས་ཏོག་གསར་ནད་དུག་འགོས་ཀྱི་ཡོད་མེད་སོགས་ཀྱི་གནད་དོན་ཐད་གསལ་འགྲེལ་གནང་ཡོད་པ་སྟེ།     མིག་སྔའི་ཆར་དུག་སྦྲང་གི་ལུས་པོའི་ཕྲ་ཕུང་ནང་ནས་འགོས་ཁྱབ་ཀྱི་ནུས་པ་ལྡན་པའི་ཏོག་གསར་ནད་དུག་གི་སྐྱེ་དངོས་རང་བཞིན་རྨང་གཞི་རྙེད་མེད་པ་དང་།   མིག་སྔའི་ཆར་གོ་ལ་ཧྲིལ་པོར་ཡང་དུག་སྦྲང་སོགས་ཀྱི་སྐྱེ་དངོས་བརྒྱུད་ནས་ཏོག་གསར་ནད་དུག་འགོས་པའི་སྙན་ཞུ་འབྱོར་མེད་ཅེས་གསུངས་ཡོད།   མྱུར་སྐྱེལ་བས་ནད་དུག་འགོས་མིན་ཐད་ལའང་གྲོང་མི་ཚོས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པས།   གནད་དོན་དེའི་ཐད་ཝང་ལི་ཕིང་གིས།    དུས་ཐུང་གི་འབྲེལ་འདྲིས་བརྒྱུད་ནས་མྱུར་སྐྱེལ་བས་ནད་དུག་འགོས་པའི་ཉེན་ཁ་ཧ་ཅང་ཆུང་ཆུང་ཡིན་མོད།   དགོས་ངེས་ཀྱི་འགོག་སྲུང་བྱ་ཐབས་བཟུང་དགོས་ཞེས་གསུངས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有

པེ་ཅིང་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་གནས་ཚུལ།

སྤྱི་ཚེས་༢༧ཉིན་གྱི་ཕྱི་དྲོ། པེ་ཅིང་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་༡༣༤པ་སྐོང་འཚོགས་བྱས་པ་དང་། སྤྱི་ཚེས་༢༥ཉིན་ནས་བཟུང་པེ་ཅིང་གྲོང་ཁྱེར་གྱིས། ཁུལ་ཁག་ནས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་གི་སྐྲ་བཞར་དང་མཛེས་བཟོའི་ལས་རིགས་ཀྱི་རིམས་འགོག་བདེ་འཇགས་སྐོར་ལ་ལེབ